འབའ་རྫོང་ཡོ་འབྲིང་སྡེ་བའི་ཞིང་ཕྱུག་ཆེད་ལས་མཉམ་ལས་ཁང་གི་འཁོར་སྐྱོད་ལེགས་པ།
འབའ་རྫོང་ཡོ་འབྲིང་སྡེ་བའི་ཞིང་ཕྱུག་ཆེད་ལས་མཉམ་ལས་ཁང་གི་འཁོར་སྐྱོད་ལེགས་པ།
ཉེ་ལམ། འབའ་རྫོང་ཐང་མགོ་གྲོང་རྡལ་གྱི་ཡོ་འབྲིང་སྡེ་བ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྡེ་བ་འདིའི་ཞིང་འབྲོག་མང་ཚོགས་ཀྱིས་དབུལ་ཐར་ཕྱུགས་འགྱུར་མངོན་འགྱུར་བྱུང་ཆེད། རྒྱབ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱིས་འབྲེལ་ཡོད་ཐོན་ལས་སྲིད་ཇུས་ལ་གཞི་བཅོལ་ནས། སྡེ་བ་ཡོངས་ཀྱི་ཁྱིམ་ཚང40དང་མི220ཡིས་མ་དངུལ་འཚོལ་བསྡུ་བྱས་ཏེ་ཡོ་འབྲིང་སྡེ་བའི་ཞིང་ཕྱུག་ཆེད་ལས་མཉམ་ལས་ཁང་བཙུགས།
ད་ལོར། ཆེད་ལས་མཉམ་ལས་ཁང་འདིས་ནས་ས་མུའུ500དང་། ཡུག་པོ་ས་མུའུ250འདེབས་འཛུགས་བྱས་ནས་ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི40ལ་སླེབས་ཡོད། མཉམ་ལས་ཁང་གི་འགན་ཁུར་བས་བཤད་རྒྱུར། མཉམ་ལས་ཁང་གི་འཁོར་སྐྱོད་རྒྱུན་ལྡན་ཡོང་པར་ཁག་ཐེག་བྱེད་པར། འབའ་རྫོང་ཞིང་ཕྱུག་ཅུའུ་མཉམ་ལས་ཁང་ལ་སྒོར་ཁྲི5ཡི་རིན་ཐང་ཡོད་པའི་ཡུག་པོའི་ས་བོན་དང་ལུད་རྫས་བྱིན་པ་དང་མཉམ་དུ། འབའ་རྫོང་ཞིང་ལས་ཚན་རྩལ་ཁང་གིས་ལག་རྩལ་མི་སྣ་མངགས་ནས་ལག་རྩལ་ཕྱོགས་ནས་རྒྱབ་སྐྱོར་བྱས་ཏེ་ད་ལོའི་ཐོན་འབབ་ལ་ཁག་ཐེག་བྱས། ད་ལོ་མཉམ་ལས་ཁང་གི་མི220ལ་མི་རེར་ནས་རྒྱ་མ1000རེ་བགོས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com