མཚོ་ལྷོ་ཁུལ་གྱི་སྐབས་གཉིས་པའི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་ཐོན་རྫས་འགྲེམ་སྟོན།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-19 09:10:00 ཀློག་གྲངས།:


བློ་བཟང་གྲངས་འཛིན་ཐོན་རྫས།


མང་རྫོང་གི་བོད་ཀྱི་གཙགས་དྲུབ་བི་ཤྭ་ཀརྨ།


དྲི་སྤོས་ཐོན་རྫས།


མཚོ་ལྷོ་ཁུལ་བདུད་ཤུལ་འཁྱོམས་བཟའ་ཡུལ་སྐོར་ཐོན་རྫས།


སློབ་ཆེན་སློབ་མས་ལས་རིགས་གསར་གཏོད་བྱས་པའི་ཁེ་ལས་ཏེ་མཚོ་ལྷོ་ཁུལ་བདུད་ཤུལ་འཁྱོམས་བཟའ།

མཚོ་ལྷོ་ཁུལ་གྱི་སྐབས་གཉིས་པའི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་ཁྱད་འཕགས་ཐོན་རྫས་འགྲེམ་སྟོན།
དངུལ་གྱི་རྒྱན་ཆས།


འབའ་རྫོང་གི་གྱོན་ཆས།

     སྤྱི་ཟླ8པའི་ཚེས18ཉིན། མཚོ་ལྷོ་ཁུལ་གྱི་སྐབས་གཉིས་པའི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་དང་བོད་ཀྱི་རྒྱན་གོས་འགྲེམ་ཚོགས་ཆེན་མོ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་མཁར་བྱང་གི་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཀྱི་ཐང་ཆེན་དུ་སྤེལ་ཞིང་། བྱ་འགུལ་གྱི་སྐབས་སུ་མི་རིགས་ཀྱི་ཁྱད་འཕགས་ཐོན་རྫས་སྣ་་ཚོགས་འགྲེམ་སྟོན་བྱས།
     འགྲེམ་ཚོགས་སུ་ཞིང་ཕྱུགས་ཐོན་རྫས་གཙོས་པའི་ཁྱད་འཕགས་ཐོན་ཁུངས་རིགས་ཀྱི་ཐོན་རྫས་དང་། རིག་གནས་ཐོན་ལས་གཙོས་པའི་ཁྱད་ལྡན་ཐོན་རྫས་སོགས་འདུས་ཤིང་། ས་གནས་མང་ཚོགས་ཀྱི་དགའ་བསུ་དང་གདེང་འཇོག་ཆེན་མོ་ཐོབ། མང་རྫོང་གཙགས་དྲུབ་ཀྱི་མཚོན་རྟགས་བི་ཤྭ་ཀརྨ་དང་། བློ་བཟང་གྲངས་འཛིན་ཐོན་རྫས། མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་ཐོན་རྫས། མཚོ་ལྷོ་ཁུལ་བདུད་ཤུལ་འཁྱོམས་བཟའ་ཡུལ་སྐོར་ཐོན་རྫས་སོགས་དང་། འབའ་རྫོང་གི་རྒྱན་ཆས་དང་བྲག་དཀར་རྫོང་གི་དངུལ་གྱི་རྒྱན་ཆས། གཏེར་ཆུ་སོགས་ཁྱད་ལྡན་ཐོན་རྫས་བཀྲམ་ཡོད་ཅིང་། འདིས་མཚོ་ལྷོ་ཁུལ་མི་རིགས་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་མཚོན་པ་དང་། རོང་འབྲོག་མང་ཚོགས་དང་སློབ་ཆེན་སློབ་མའི་ལས་རིགས་གསར་གཏོད་ཀྱི་གྲུབ་འབྲས་ལེགས་པའི་དཔེ་མཚོན་དུ་བཀོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།