མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་དབུ་ཚུགས་རྟེན་འབྲེལ་ཚོགས་ཆེན་དང་ཚོགས་མིའི་ཚོགས་ཆེན་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-11 09:40:00 ཀློག་གྲངས།:


མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་དབུ་ཚུགས་རྟེན་འབྲེལ་ཚོགས་ཆེན་དང་
སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་བསྡུས།


མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པས་ཁོངས་གཏོགས་སྡེ་ཁག་ལ་སྒོ་བྱང་གནང་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་གཉིས་ཚོགས་འདུར་ཞུགས་པ་དང་བཅས་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་རྟགས་ཀྱི་རས་ཡོལ་ཕྱེས
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་
གཞོན་པ་སྟག་འབུམ་ཐར་གཉིས་ཀྱིས་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་རྟགས་ཀྱི་རས་ཡོལ་ཕྱེས།


ཚོགས་ཆེན་གྱི་ཟུར་ཞིག

     སྤྱི་ཟླ8པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་དབུ་ཚུགས་རྟེན་འབྲེལ་ཚོགས་ཆེན་དང་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་ཟི་ལིང་རྣམ་རྒྱལ་མགྲོན་ཁང་དུ་བསྡུས།
     མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པ་ནི་དུས་ཡུན་ལོ་གཉིས་ཀྱི་གྲ་སྒྲིག་བརྒྱུད་དེ2015ལོའི་ཟླ4བར་མཚོ་སྔོན་དམངས་སྲིད་ཐིན་གྱི་ཐོ་འགོད་ཆོག་མཆན་ཐོབ་སྟེ་རང་རྐྱ་འཕེར་བའི་སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་རྩ་འཛུགས་སུ་གྲུབ། ད་སྔ་ཐོ་འགོད་བྱས་པའི་ཚོགས་གྲས200ལྷག་ཡོད་ཅིང་། རིག་གནས་ཡུལ་སྐོར་ལས་རིགས་དང་བཟོ་སྐྲུན་ལས་རིགས། འཛུགས་སྐྲུན་ལས་རིགས།  ཕྱུགས་རིགས་ལས་རིགས། ཕྱི་ཕྱོགས་ཚོང་འབྲེལ། སྐྱེ་དངོས་ཚན་རྩལ། དྲ་བའི་ཚན་རྩལ། རིག་གནས་བརྒྱུད་སྒྲོག བཟའ་བཏུང་སོགས་ཐོན་ལས་ཁྱབ་ཁོངས་བཅུ་ལྷག་འདུས།
          མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་གཉིས་ཚོགས་འདུར་ཞུགས་པ་དང་བཅས་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་རྟགས་ཀྱི་རས་ཡོལ་ཕྱེས་ལ། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ཚོང་དོན། གུང་གཞོན་ཚོགས་པ་མཚོ་སྔོན་ཏང་ཨུ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་དམངས་སྒྲུབ་ཐིན་སྤྱི་ཚོགས་རྩ་འཛུགས་དོ་དམ་ཅུའུ། མཚོ་སྔོན་ཞིང་ཆེན་སྙིང་རྗེ་སྤྱི་ཁྱབ་ཚོགས་པ། རྒྱལ་ཁབ་སྔོག་འདོན་དངུལ་ཁང་གི་མཚོ་སྔོན་ཞིང་ཆེན་གྱི་ཡན་ལག་ཁང་། ཀྲུང་གོའི་ཞིང་ལས་དངུལ་ཁང་གི་མཚོ་སྔོན་ཡན་ལག་ཁང་སོགས། དེ་མིན་མཚོ་སྔོན་དུ་སྡོད་པའི་ཞིང་ཆེན་ནང་ཁུལ་གྱི་སྤུན་ཟླའི་ཚོང་ཚོགས་ཀྱི་འཐུས་ཚབ་སོགས་གདན་ཞུས་བྱས་ཡོད། ཚོགས་ཐོག་ཏུ《མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་སྒྲིག་ཡིག》དང《མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་དངུལ་བསྡུ་བའི་ཚད་ལྡན་དང་དོ་དམ་ཐབས་ཇུས》། 《མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་མིའི་དོ་དམ་ལམ་ལུགས》བཅས་ལ་གྲོས་མཐུན་བྱུང་བ་མ་ཟད། སྐབས་དང་པོའི་ཚོགས་གཙོ་དང་། རྒྱུན་ལས་ཚོགས་གཙོ་གཞོན་པ། ཚོགས་གཙོ་གཞོན་པ། ལྟ་སྐུལ་ཚོགས་པའི་ཀྲུའུ་ཞི། དྲུང་ཡིག་ཆེན་མོ། ལས་འཛིན་ཚོགས་པའི་ལས་འཛིན་སོགས་འདེམ་ཐོན་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།