2015ལོའི་འཛམ་གླིང་ཅ་ཚྭའི་ཚོགས་ཆེན་ན་གོར་མོ་ནས་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། དུས་ཚོད།:2015-07-11 09:53:00 ཀློག་གྲངས།:
     སྤྱི་ཟླ7པའི་ཚེས9ཉིན་གྱི་ཕྱི་དྲོར། ཉིན་གསུམ་རིང་གི2015ལོའི་འཛམ་གླིང་ཅ་ཚྭའི་ཚོགས་ཆེན་ན་གོར་མོ་གྲོང་ཁྱེར་ནས་གཟབ་རྒྱས་ངང་བསྡུས། ཀྲུང་གོའི་རྡོ་སྣུམ་དང་རྫས་འགྱུར་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ལིས་ཡོང་ཝུའུ་དང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཝུན་ཧུའུ་གཉིས་ཚོགས་འདུར་ཞུགས་ལ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི། ན་གོར་མོ་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཞིན་ཀོ་པེན་ཚོགས་འདུར་ཞུགས་ནས་ཚོགས་ཆེན་མགོ་བརྩམས་པ་ཁྱབ་སྒྲོག་བྱས།
     ཐེངས་འདིའི་ཚོགས་ཆེན་ནི་ན་གོར་མོ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ཀྲུང་གོ་སྐྱེ་མེད་ཚྭའི་བཟོ་ལས་མཐུན་ཚོགས། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི། ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཚོགས་ཆེན་སྟེང་དུ་རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་ལས་རིགས་ཆེད་མཁས་པ་དང་རིག་གནས་པ། ཚོང་བ། ཁེ་ལས་གཙོ་གྲས་ཀྱི་འཐུས་ཚབ་པ། ཞིང་ལས་རྒྱུ་ཆ་བརྒྱུད་འཚོང་མཁན་སོགས་མི་དྲུག་བརྒྱ་ལྷག་ཞུགས་ཏེ། ཚང་མས་མཉམ་དུ་འཛམ་གླིང་ཅ་ཚྭ་དང་ཅ་ལུད་ཐོན་ལས་ལག་རྩལ་གྱི་འཕེལ་རྒྱས་གྲུབ་འབྲས་ལོངས་སུ་སྤྱད།
     འཛམ་གླིང་ལས་རིགས་ཡོངས་ཀྱི་མིག་ཟུང་གནས་གཅིག་ཏུ་བསྡུས་ནས། རྒྱལ་སྤྱིའི་བརྗེ་རེས་ཀྱི་སྡིངས་ཆ་ཆེན་པོ་ཞིག་བསྐྲུན་པ་དམིགས་འབེན་དུ་བཟུང་ནས། ཚོགས་ཆེན་སྟེང་གླེང་སྟེགས་གཙོ་བོ་གཅིག་དང་བྱེ་བྲག་གི་གླེང་སྟེགས་བཞི་རུ་བགོས་ཡོད་ཅིང་། ཐོན་ལས་འཕེལ་རྒྱས་ཀྱི་དཔྱད་བསྡུར་དང་། ཚན་རིག་དང་ཆ་འཕྲིན་བརྗེ་རེས། ཁེ་ལས་དང་ཐོན་ཁུངས་ངོམ་པ། དངུལ་གཏོང་དང་ཉོ་འཚོང་ཚོང་གཏམ་སོགས་ཀྱི་བྱ་འགུལ་རྣམ་པ་སྤྱད་དེ། འཛམ་གླིང་ཅ་ཚྭ་ཐོན་ལས་ཚན་རྩལ་དང་མ་རྩ་གཉིས་མཉམ་འདྲེས་ཡོང་བར་ཡར་སྐུལ་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།