ངོས་དང་པོ > སྐབས་དོན། > སྤྱི་ཚོགས་དཔལ་འབྱོར། > ཅོ་ནེ་གཙང་པ་བ་ཞང་གིས་གཅིག་བསྡུས་བོད་ལུག་ཚོ་གསོ་གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་བཏང་།
ཅོ་ནེ་གཙང་པ་བ་ཞང་གིས་གཅིག་བསྡུས་བོད་ལུག་ཚོ་གསོ་གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་བཏང་།
རྩོམ་པ་པོ།:མིང་མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།
དུས་ཚོད།:2010-11-03 16:53:00
ཀློག་གྲངས།:
རང་རེའི་ལས་ཁུངས་ཀྱི་འཕྲིན་གཏོང་མཁན་བདེ་སྐྱིད་འཚོ་ཡིས་བཀོད་པའི་གསར་འགྱུར།
ཉེ་བའི་ལོ་འགའི་རིང་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གཙང་པ་བ་ཞང་གིས་བོད་ལུག་ཚོ་གསོ་ལས་རིགས་ཐད་ནས་ས་ཁུལ་རང་གི་འཕེལ་རྒྱས་དང་འཚམ་པའི་བགྲོད་ལམ་གསར་བ་གསར་གཏོད་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ཐབས་ལམ་ཇེ་མང་དུ་བཏང་།
གཙང་པ་བ་ཞང་གིས་བོད་ལུག་ཚོ་གསོ་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། མཉམ་ལས་ཁང་དེར་ཁྱིམ་ཚང་ལྔ་བཅུ་དང་མི་ཉིས་བརྒྱ་ཞུགས་ཡོད་ལ། དྲོད་ཁང་ཉི་ཤུ་ཡོད་པ་དེའི་ནང་དུ་བོད་ལུག་གཅིག་བསྡུས་སྒོས་གསོ་སྤེལ་དང་ཚོ་གསོ་བྱས་པ་དང་། ཁོ་ཚོས་སྲོལ་རྒྱུན་གྱི་གསོ་སྤེལ་བྱེད་སྟངས་བསྒྱུར་ཏེ། དགུན་དཔྱིད་དུས་ཚིགས་སུ་དྲོད་ཁང་ནས་བོད་ལུག་གསོས་ཏེ་ཕྱིར་བཙོང་བས། རོང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་། དྲོད་ཁང་ཉི་ཤུ་བོའི་ནང་དུ་སྡོམ་པས་བོད་ལུག་བརྒྱད་བརྒྱ་ཚོ་གསོ་བྱེད་བཞིན་ཡོད་པས། དེའི་ཡོང་སྒོ་སྔོན་རྩིས་བྱས་ན་སྒོར་མོ་འབུམ་གཅིག་དང་ཁྲི་བདུན་ལ་སླེབས་ཐུབ་པ་དང་། ཁྱིམ་ཚང་རེའི་ཡོང་སྒོ་སྒོར་མོ་སྟོང་གཉིས་དང་བརྒྱད་བརྒྱ་བརྒྱད་ཅུ་ལ་འཕར་ཐུབ། གཙང་པ་བ་ཞང་བོད་ལུག་ཚོ་གསོའི་ཆེད་ལས་མཉམ་ལས་ཁང་གིས་ད་རུང་མུ་མཐུད་དུ་གསོ་སྤེལ་གཞི་ཁྱོན་ཆེ་རུ་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་ནས་མཉམ་དུ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་བཞིན་ཡོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།