༄༅།། གུང་ཧོ་རྫོང་གིས་མུ་མཐུད་དུ་མཚོ་བཀག་ཉ་གསོ་བྱ་བར་ཤུགས་བསྣན་པ།
དབྱར་ཚུགས་པ་ནས་བཟུང་།མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧི་རྫོང་གིས་མུ་མཐུད་དུ་མཚོ་བཀག་ཉ་གསོ་བྱ་བར་ཤུགས་བསྣན།
མཚོ་བསྐོར་ས་ཁུལ་གྱི་གཙོ་གནད་ས་ཁུལ་ཡིན་པའི་ཆ་ནས།གུང་ཧི་རྫོང་གིས་མཚོ་བཀག་ཉ་གསོ་བྱ་བའི་ཁྲོད།འགོ་ཁུངས་ནས་སྔོན་འགོག་དང་ལམ་བར་དུ་རྩད་ཞིབ་བྱེད་པ།མཚན་མོར་འགོག་སྲུང་བྱེད་པ།ཉ་རྒྱ་ལེན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཙོ་བོ་མངའ་ཁོངས་ཀྱི་མཚོ་ཤར་ས་ཁུལ་གྱི་ལུག་གསོ་ར་བ་ནས་སྤྲེལ་ནག་ཤང་ཤིང་མགོན་སྡེ་བ་སོགས་མཚོ་བསྐོར་རྒྱུད་ཀྱི་སྡེ་བ་སོ་སོ་དང༡༥༡མཛེས་ལྗོངས་ཁུལ་དུ་དབྱར་ཁའི་མཚོ་སྔོན་པོའི་ཉ་ལ་སྲུང་སྐྱོང་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ་བ་མ་ཟད།རྒྱུན་ལྡན་རང་བཞིན་གྱིས་ཁྲིམས་འཛིན་རླངས་འཁོར་དང་སྐོར་བསྐྱོད་ཉེན་རྟོག་པ་སྐོར་བསྐྱོད་བྱས་ནས།མཐའ་འཁོར་ས་ཁུལ་གྱི་མང་ཚོགས་ལ་དྲིལ་སྒྲོག་ཡིག་ཆ་དང་ཁས་ལེན་ཡི་གེ་འགོད་དུ་བཅུག དུས་མཚུངས་སུ།ཟ་ཁང༤༣ལ་བརྟག་ཞིབ་བྱས་ཏེ་ཁྲིམས་འགལ་གྱིས་མཚོ་སྔོན་པོའི་ཉ་འཚོང་བ་དང་ལས་སྣོན་བྱེད་པའི་ཟ་ཁང༢སྒོ་རྒྱག་ཏུ་བཅུག་པ་དང་།ཉ་རྒྱ༧༠ལྷག་རྩད་ཞིབ་བྱས། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com