དུང་དཀར་བོད་ཀྱི་བརྩེགས་དྲུབ་ཚན་རྩལ་ཀུང་ཟི་དངོས་སུ་བཙུགས།
ཟླ༡༢པའི་ཚེས༡༧ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་དུང་དཀར་བོད་ཀྱི་བརྩེགས་དྲུབ་ཚད་ཡོད་ཀུང་ཟི་དངོས་སུ་བཙུགས་པ་དང་། འདིས་ཀོས་ནན་བོད་ཀྱི་བརྩེགས་དྲུབ་ཐོན་ལས་དེ་ཀུང་ཟི་ཅན་གྱི་འཁོར་སྐྱོད་བྱེད་སྟངས་ཀྱི་ཕྱོགས་སུ་གོམ་སྟབས་དང་པོ་སྤོས་པ་མཚོན། ཀོས་ནན་བོད་ཀྱི་བརྩེགས་དྲུབ་ནི་ཕུལ་དུ་བྱུང་བའི་བོད་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཅིག་ཡིན་ལ། ཁྱད་དུ་འཕགས་པའི་བཟོ་རྩལ་དང་སྒྱུ་རྩལ་ཁྱད་ཆོས་ལྡན་ཞིང་། སྒྱུ་རྩལ་རོལ་མྱོང་རིན་ཐང་དང་གསོག་ཉར་གྱི་རིན་ཐང་ཆེན་པོ་ཡོད་པས་ཞིང་ཆེན་རིམ་པའི་དངོས་པོ་མིན་པའི་ཤུལ་བཞག་རིག་གནས་ཀྱི་གྲས་སུ་གཏོགས། སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་བརྩེགས་དྲུབ་རིག་གནས་ཐོན་ལས་ལ་ཤུགས་སྣོན་དང་། སྔར་ཡོད་ཀྱི་བརྩེགས་དྲུབ་ཐོན་སྐྱེད་ལས་སྣོན་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་ཇེ་མཐོར་གཏོང་བ། ཆེས་ཆེ་བའི་ཕན་འབྲས་མངོན་འགྱུར་དང་རོང་འབྲོག་ཁུལ་གྱི་བུད་མེད་དག་བརྩེགས་དྲུབ་ལས་རིགས་ཁྲོད་ལས་ཞུགས་བྱས་ཏེ་ཡོང་སྒོ་ཇེ་མང་ལ་གཏོང་ཆེད། ཀོས་ནན་རྫོང་སྲིད་གཞུང་གིས་ཚོང་འགུག་དངུལ་འདྲེན་བརྒྱུད་དེ་ཀོས་ནན་དུང་དཀར་བོད་ཀྱི་བརྩེགས་དྲུབ་ཚན་རྩལ་ཚད་ཡོད་ཀུང་ཟི་བཙུགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com