ནོར་ སྲིད་ ཀྱིས་ མཚོ་ ལྷོའི་ སློབ་ གྲྭ་ ཆུང་ འབྲིང་ གི་ གོམ་ སྟབས་ སྙོམས་ སྒྲིག་ བྱེད་ པར་ སྐུལ་ འདེ

རྩོམ་པ་པོ།:བསོད་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-11-26 10:13:55 ཀློག་གྲངས།:

    མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་གཏོང་བའི་ཤུགས་ཚད་ཆེ་རུ་བཏང་ནས། མ་སྐུལ་དང་བླང་སྒོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་འབྲིང་དང་སློབ་ཆུང་གི་གོམ་སྟབས་སྤོ་ཚུལ་སྙོམས་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་ཡོད་པ་རེད།

    གཞི་གཉིསགྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། རྨང་གཞི་སློབ་གསོའི་སློབ་ཁྲིད་ཀྱི་རྒྱུ་སྤུས་དང་སློབ་སྒྲུབ་ཕན་འབྲས་མཐོར་འདེགས་གཏོང་ཆེད། གྲོང་གསེབ་སློབ་གསོའི་ཐོན་ཁུངས་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་འོས་འགན་སློབ་གསོ་དོ་མཉམ་ངང་གོང་དུ་སྤེལ་བར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སློབ་གསོའི་དགོས་མཁོ་སྐོང་ཅི་ཐུབ་བྱས་ཡོད་པ་རེད།

    ཉེ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་མ་དངུལ་གྲབས་གསོག་བྱས་ནས་མཚོ་ལྷོ་ཁུལ་གྱི་སློབ་འབྲིང་དང་སློབ་ཆུང་གི་གོམ་སྟབས་སྤོ་ཚུལ་སྙོམས་སྒྲིག་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱས་ཤིང་། དུས་སྐབས་གཉིས་ཀྱི་འཆར་འགོད་ལྟར་ཁྱོན་ཡོངས་ནས་བསམ་བློ་བཏང་སྟེ། ཕྱོགས་མང་པོར་འགན་ཁུར་བ་དང་ལོ་ལྟར་མ་དངུལ་གཏོང་བའི་རྩ་དོན་ལག་བསྟར་སྒོས། ཞིང་ཆེན་ནོར་སྲིད་ཀྱིས་མཚོ་ལྷོ་ཁུལ་གྱི་སློབ་འབྲིང་དང་སློབ་ཆུང་གི་གོམ་སྟབས་སྤོ་ཚུལ་སྙོམས་སྒྲིག་བྱེད་པར་ཆེད་དམིགས་ལས་གཞི་མ་དངུལ་སྒོར་ཁྲི༦༠༠༠བཏང་ཡོད་ལ། ལས་གཞིའི་མ་དངུལ་དོན་འཁྱོལ་གྱིས་མཚོ་ལྷོ་ཁུལ་སློབ་འབྲིང་དང་སློབ་ཆུང་གི་གོམ་སྟབས་སྤོ་ཚུལ་སྙོམས་སྒྲིག་བྱེད་སྟབས་ཇེ་མགྱོགས་སུ་ཕྱིན་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་གོམ་སྟབས་སྤོ་ཚུལ་སྙོམས་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།