ཁྲི་ཀ་རྫོང་གིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཁའི་མེ་འགོག་བྱ་བར་ཤུགས་བསྣན་པ།
རྩྭ་རྩི་ཤིང་སྐམ་ནས་ནགས་ཚུལ་དང་རྩྭ་ཐ་ལ་མེ་འཆོར་ཉེན་ཆེ་བའི་དུས་སྐབས་འདིར་བྱེད་ཐབས་མང་པོ་སྤྱད་ནས་མེ་འགོག་བྱ་བ་དམ་འཛིན་བྱས་པ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་རྩྭ་རྩི་ཤིང་སྐམ་ནས་ནགས་ཚུལ་དང་རྩྭ་ཐ་ལ་མེ་འཆོར་ཉེན་ཆེ་བའི་དུས་སྐབས་འདིར་བྱེད་ཐབས་མང་པོ་སྤྱད་ནས་མེ་འགོག་བྱ་བ་དམ་འཛིན་བྱས། ད་ལོའི་དགུན་གྱི་མེ་འགོག་བྱ་བར་ཤུགས་སྣོན་ཆེད། ཟླ་དགུ་བ་ནས་བཟུང༌། ཁྲི་ཀ་རྫོང་གིས་གྲོས་ཚོགས་བསྡུས་ནས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་དང་རྩུ་ཤིང་གི་མེ་འགོག་ལས་ཁུངས་དང་མཉམ་འབྲེལ་སྒོས་ལྟ་ཞིབ་ཚན་ཆུང་བཙུགས་ནས་ཞང་གྲོང་བདུན་དང༌། རྒྱལ་གཉེར་ནགས་ར་གསུམ་ལ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་འགན་ཁུར་ཡེ་གེ་བཀོད་ནས་ནགས་སྲུང་བ་ལས་གནས་སྟེང་ཡོད་མེད་དང༌། མེ་འགོག་ལས་རེས་སོགས་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད། ནགས་ཁུལ་དགུ་ལ་སོང་ནས་ཞང་དང་གྲོང་བརྡལ་གྱི་འགན་ཁུར་བ་དང༌། ནགས་རའི་ལས་བཟོ་པ། ནགས་སྲུང་བ། སྡེ་བ་དང་ཧྲེ་ཡི་ལས་བྱེད་པ་བསྡུས་ནས་དགུན་དུས་ཀྱི་མེ་འགོག་བྱ་བ་དྲིལ་སྒྲོག་དང་མེ་གསོད་ལག་རྩལ་མཛུབ་སྟོན་བྱས་ནས་ནགས་ཁུལ་དགུ་ཡི་སྡེ་ཡི་སྡེ་བ་དང་ཧྲེ་ལ་ནགས་ཚལ་མེ་འགོག་བྱ་བའི་འགན་ཁུར་ཡི་གེ་བཀོད། དེ་དང་མཉམ་དུ་མེ་འགོག་ལག་རྩལ་གྱི་གསོ་སྦྱོང་བྱ་བ་ནན་ཏན་སྒོས་སྒྲུབ། རྨང་གཞི་དེའི་སྟེང་དུ་མེ་འགོག་སྦོང་བརྡར་བྱ་འགུལ་སྤེལ་བས།མེ་འགོག་མི་སྣའི་མེ་གསོད་ཆུ་ཚད་ཕན་ནུས་ལྡན་པའི་སྒོ་ནས་ཇེ་མཐོར་སོང༌།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com