༄༅།། བོད་ལྗོངས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ཐད་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ལྔ་བྱུང་བ།

རྩོམ་པ་པོ།:ཚེ་བརྟན ཡོང་ཁུངས།:བོད་ལྗོངས་ཆ་འཕྲིན་ལྟེ་གནས། དུས་ཚོད།:2008-06-15 09:35:34 ཀློག་གྲངས།:

  གསར་འགོད་པས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་ལས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། དུས་ཐུང་ངུའི་རིང༌། བོད་ལྗོངས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅིང༌། དེར་གཙོ་བོ་གཤམ་གསལ་གྱི་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཁག་ལྔ་ཡོད་པ་རེད།

  གཅིག་ནི་“ལྔའི་བཅུའི་”སྐབས་སུ། ལྗོངས་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ལྗོངས་འགྲིམ་འགྲུལ་ལོ་རྒྱུས་སྟེང་གི་“ཆེས་བཞི་”མངོན་འགྱུར་བྱུང༌།

  དེ་ནི་འཛུགས་སྐྲུན་མགྱོགས་ཚད་ཆེས་མྱུར་བ་སྟེ་ལོ་ལྔའི་རིང་གཞུང་ལམ་སྤྱི་ལེ་༡༢༩༢༦འཛུགས་སྐྲུན་བྱས་ཤིང་སྤྱི་ལེ་༨༡༨༠གསར་དུ་བསྣན་པ། དེ་ནི་བོད་ལྗོངས་ཀྱི་ལོ་རྒྱུས་སྟེང་གི་གཞུང་ལམ་འཛུགས་སྐྲུན་ཆེས་མྱུར་བའི་དུས་སྐབས་སུ་གྱུར་ཡོད་པ་རེད།

  མ་དངུལ་བཏང་བ་ཆེས་མང་བ་སྟེ། བོད་ལྗོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་༡༤༦.༤༩དོན་འཁྱོལ་དང༌། སྒོར་དུང་ཕྱུར་༡༤༦.༩༢ལེགས་གྲུབ་བྱུང་བ། དེ་ནི་“ལྔའི་དགུའི་”སྐབས་ཀྱི་ལྡབ་༣.༦རེད།

  དོ་དམ་ལམ་ལུགས་ཆེས་བཟང་བ་སྟེ་དུས་འགོའི་ལས་ཀའི་ཨར་ལས་དང་ལྟ་སྐུལ་དོ་དམ་ཚོང་ར་སྒོ་ཡང་བོར་ཕྱེ་བ་དང༌། འབྲེལ་ཡོད་གཞུང་ལམ་འཛུགས་སྐྲུན་ལམ་ལུགས་བཙུགས་པ།

  འཛུགས་སྐྲུན་གྲུབ་འབྲས་མངོན་གསལ་དོད་པོ་ཡིན་པ་སྟེ་མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་༧༧༩བསྒྱུར་བཀོད་ལེགས་གྲུབ་དང༌།   ཁྲོན་བོད་གཞུང་ལམ་གྱི་རྣམ་གྲངས་ཁག་༡༦གི་སྤྱི་ལེ་༥༢༨དང་ཀྲུང་ནེ་གཞུང་ལམ་གྱི་ཆུ་ཤུར་ནས་སྟག་གྲུ་ཁའི་བར་གྱི་གཞུང་ལམ་བསྒྱུར་བཀོད་བཅོས་སྐྱོང་ལེགས་གྲུབ་དང༌། ལྷ་ས་ནས་གོང་དཀར་གནམ་གྲུ་ཐང་བར་གྱི་ཟམ་པ་གཉིས་དང་ཕུག་ལམ་གཅིག་སོགས་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལེགས་གྲུབ་བྱུང་ཞིང༌། རྫོང་༢༡ལ་སྣུམ་སྙིགས་གཞུང་ལམ་ཤར་གཏོང་དང་ཞང་གྲོང་༧༠དང་སྲིད་འཛིན་གྲོང་ཚོ་༦༤༢ལ་རླངས་འཁོར་གཏོང་ཐུབ་པའི་གཞུང་ལམ་འཛུགས་སྐྲུན་བྱས།

  གཉིས་ནི་གཞུང་ལམ་དྲ་བའི་འགྲེམ་ཚུལ་དང་གཞུང་ལམ་རིམ་པ་མངོན་གསལ་ངང་མཐོར་འདེགས་བྱུང་བ། ༢༠༠༥ལོའི་ལོ་མཇུག་བར་དུ། ལྗོངས་ཡོངས་ཀྱི་རླངས་འཁོར་ཤར་གཏོང་བྱུང་བའི་གཞུང་ལམ་སྤྱི་ལེ་༤༣༧༡༧ལ་སླེབས་ཤིང༌། གཞུང་ལམ་དྲ་བའི་ལག་རྩལ་རིམ་པ་མངོན་གསལ་ངང་མཐོར་འདེགས་བྱུང༌། རིམ་པ་བཞི་ཡན་གྱི་གཞུང་ལམ་སྤྱི་ལེ་ཁྲི་༡ཡན་ཟིན་ཡོད་པ་དང༌། བརྒྱ་ཆའི་༢༥ཟིན། སྣུམ་སྙིགས་གཞུང་ལམ་གྱི་རིང་ཚད་སྤྱི་ལེ་༣༢༨༨དང༌། བརྒྱ་ཆའི་༧.༥ཟིན་པ། ས་ཁུལ་དང་གྲོང་ཁྱེར་བདུན་ཁྲོད་ཀྱི་ས་ཁུལ་གྲོང་ཁྱེར་༥དང་རྫོང་༧༣ཁྲོད་ཀྱི་རྫོང་༣༧ །  གོང་དཀར་དང་སྤང་མདའ་གནམ་གྲུ་འབབ་ཐང་བཅས་ཡོངས་སུ་སྣུམ་སྙིགས་གཞུང་ལམ་ཤར་གཏོང་བྱུང་བ།

  ལྗོངས་ཡོངས་ཀྱི་ཞང་གྲོང་༦༨༣དང༌། སྲིད་འཛིན་གྲོང་ཚོ་༥༩༣༡གི་ཁྲོད་ཞང་གྲོང་༦༥༨དང་སྲིད་འཛིན་གྲོང་ཚོ་༤༤༧༢ལ་རླངས་འཁོར་གཏོང་ཐུབ་པ་བྱུང་ཞིང༌། སོ་སོར་རླངས་འཁོར་གཏོང་ཐུབ་ཚད་༢༠༠༠ལོ་ལས་བརྒྱ་ཆའི་༡༢དང་བརྒྱ་ཆའི་༡༡མཐོར་འདེགས་བྱུང་ལ། ཞིང་གྲོང་གི་གཞུང་ལམ་དྲ་བ་རིམ་བཞིན་འགྲུབ་བཞིན་ཡོད་པ་དང༌། དེ་དག་གིས་ཕན་འབྲས་ལྡན་པའི་སྒོ་ནས་“འགྲོ་མི་ཐུབ་པ་དང་འགྲོ་མི་བདེ་བའི་”རྗེས་ལུས་ཀྱི་རྣམ་པར་ལེགས་བཅོས་བྱས།

  གསུམ་ནི་གཞུང་ལམ་གསོ་ཚད་བཅུ་ཆའི་དགུ་ཡན་དུ་སླེབས་པ། ཧུར་ཐག་ངང་བདེ་སྲུང་ལས་གྲྭ་སོགས་སྤེལ་ནས།་རྫོང་དང་ཞང་གི་གཞུང་ལམ་སྤྱི་ལེ་༢༦༠༠༠ལྷག་ལ་ཁ་གསབ་རོགས་སྐྱོར་རང་བཞིན་ལམ་གསོ་ལག་བསྟར་བྱས་པ་དང༌། བསྡོམས་པས་ལྗོངས་ཡོངས་ཀྱི་གཞུང་ལ་སྤྱི་ལེ་༣༩༢༤༣གསོས་པ་དང་དེས་གཞུང་ལམ་ཡོངས་ཀྱི་བརྒྱ་ཆའི་༩༣ཟིན།

  བཞི་ནི་དངོས་ཟོག་སྐྱེལ་འདྲེན་བྱས་ཚད་ལྡབ་༡༡འཕར་བ། མིག་སྔར། ལྗོངས་ཡོངས་སུ་དམངས་སྤྱོད་རླངས་འཁོར་ཁྲི་༦.༨ཡོད་ཅིང༌། དེའི་ཁྲོད་སྐྱེལ་འདྲེན་རླངས་འཁོར་༣.༤ཡོད་པ་དང༌། འགྲུལ་སྐྱེལ་རླངས་འཁོར་ལམ་ཐིག་༡༣༧ཡོད་ལ། རྫོང་རིམ་པར་ཁྱབ་གདལ་བྱུང་ཚད་བརྒྱ་ཆའི་༩༨.༦ལ་སླེབས་པ་དང༌། ལྷ་ས་ནས་ཀ་ཏ་མན་རྡུ་བར་གྱི་རྒྱལ་སྤྱིའི་རླངས་འཁོར་ཤར་གཏོང་བྱས། ཞིང་ལས་ཐོན་རྫས་གསར་བའི་རིགས་སྐྱེལ་འདྲེན་ཤར་གཏོང་གི་བགྲོད་ལམ་སྤྱི་ལེ་༥༦༥༥དང༌། རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་༢༣དང༌། ཟོག་སྐྱེལ་ས་ཚིགས་༡༧ འཛུགས་སྐྲུན་བྱས་ཡོད་ལ། གཞན་ཡང་བོད་ལྗོངས་ས་གནས་ཀྱི་འགག་སྒོའི་ལས་དོན་ཅུས་བཙུགས་ཤིང༌།  ཆུ་ཐོག་སྐྱེལ་འདྲེན་དོ་དམ་རིམ་བཞིན་ཚད་ལྡན་ཅན་དུ་བཏང་བ། “ལྔའི་བཅུའི་”སྐབས་སུ། བགྲོད་ལམ་འགྲུལ་སྐྱེལ་གྲངས་འབོར་མི་ཐེངས་ཁྲི་༡༡༣༧སྐྱེལ་འདྲེན་ལེགས་གྲུབ་དང༌།

  འགྲུལ་སྐྱེལ་འཁོར་རྒྱུག་ཚད་མི་ཐེངས་དུང་ཕྱུར་༤༣/སྤྱི་ལེ་ལེགས་གྲུབ་བྱུང་བ་དང༌། དེ་དག་ཁག་སོ་སོ་“ལྔའི་དགུའི་”སྐབས་ལས་ལྡབ་༧.༤དང༌། ༥.༦འཕར་སྣོན་བྱུང་ཡོད་ལ། ཟོག་སྐྱེལ་ཚད་ཏུན་ཁྲི་༡༡༧༩ལ་སླེབས་ཤིང༌།ཟོག་སྐྱ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།