༄༅། །བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་དུང་ཕྱུར་༣༥བཏང་སྟེ་གཞུང་ལམ་བསྐྲུན་པ་ཇེ་མགྱོགས་སུ་གཏོང་རྩིས་ཡོད།
༢༠༠༧ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐོག་ནས་བོད་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གཅིག་པའི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་གྱི་འཆར་འགོད་ལ་ཆོག་མཆན་གནང་རྗེས། རང་སྐྱོང་ལྗོངས་ཀྱི་འགྲིམ་འགྲུལ་ཐིང་གིས་གཞུང་ལམ་བསྐྲུན་པ་ཇེ་མགྱོགས་སུ་གཏོང་རྒྱུའི་སྟ་གོན་དུ་ཞུགས་ཤིང༌། དེའི་སྐོར་གྱི་གནས་ཚུལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་རྣམས་ལ་སྙན་སེང་ཞུས་པ་དང༌། གཞུང་ལམ་མང་པོ་ཞིག་བསྐྲུན་འགོ་རྩོམ་རྒྱུ་དང༌། མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་སུམ་ཅུ་སོ་ལྔ་ཡས་མས་ཤིག་གཏོང་རྒྱུ་རེད།
བོད་ལྗོངས་འགྲིམ་འགྲུལ་ཐིང་གི་འགན་འཁུར་པས་འདི་སྐད། རྒྱལ་ཁབ་ཀྱི་གཞུང་ལམ་༢༡༩དང་རྒྱལ་ཁབ་ཀྱི་གཞུང་ལམ་༣༡༨སོགས་ལེགས་པར་བསྐྲུན་པའི་ལས་ལ་རབ་ཏུ་གཞོལ་ནས་༢༠༠༩ལོའི་ཟླ་༨པའི་ནང་ཡོངས་འགྲུབ་བྱེད་རྒྱུ་རེད། ཅེས་ངོ་སྤྲོད་དོན་ལ་གནས་པ་ཞིག་བྱས་པ་རེད། གཞན་ཡང་ནག་ཆུ་ནས་གཉའ་ལམ་བར་གྱི་གཞུང་ལམ་དང༌། འཕྱོང་རྒྱས་ནས་མཚོ་སྨད་བར་གྱི་གཞུང་ལམ། སི་ཁྲོན་ནས་བོད་ལྗོངས་བར་གྱི་རྒྱལ་ཁབ་ཀྱི་གཞུང་ལམ་༣༡༨་བཅས་བསྐྱར་དུ་བསྐྲུན་པའི་ལས་སུ་འཇུག་པ་དང༌། མཚོ་སྔོན་ནས་བོད་ལྗོངས་བར་གྱི་གཞུང་ལམ། སི་ཁྲོན་ནས་བོད་ལྗོངས་བར་གྱི་གཞུང་ལམ། ཀྲུང་གོ་ནས་ནེ་པ་ལའི་བར་གྱི་གཞུང་ལམ། ཤིན་ཅིང་ནས་བོད་ལྗོངས་བར་གྱི་གཞུང་ལམ། བོད་ལྗོངས་ཀྱི་རྫོང་དང་རྫོང་བར་གྱི་གཞུང་ལམ་བཅས་ཇེ་ལེགས་ཇེ་རྒྱས་སུ་གཏོང་རྒྱུའི་སྐོར་གྱི་བསྒྲུབས་ཆོག་པའི་སྙན་ཞུ་འགྲིམ་འགྲིལ་པུའུ་ལ་ཞིབ་བཤེར་གནང་བར་ཕུལ་བར་གྲོས་འཆམ་བྱུང་བ་དང༌། དེ་ནས་རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་འགོད་པར་ཕུལ་ཡོད་པས། ལོ་འདིའི་ནང་ཚུན་དུ་ལས་འགོ་བརྩམས་ཆོག་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com