མིན་ཡོན་རྫོང་གི་རྩོལ་ལས་ཕྱིར་གཏོང་མི་ཐེངས་ཁྲི༣.༥༨ཀྱི་ཡོང་སྒོ་སྒོར་དུར་ཕྱུར་ལས་བརྒལ་བ།
ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་གིས་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མགྱོགས་མྱུར་སྒོས་སྤོ་བསྒྱུར་བྱེད་པ་དང་ཤུགས་ཆེན་པོས་རྩོལ་ལས་དཔལ་འབྱོར་གོང་དུ་སྤེལ་བ་དེ་རོང་འབྲོག་པའི་ཡོང་སྒོ་གོང་དུ་སྤེལ་བ་དང་ཞིང་གསུམ་གྱི་གནད་དོན་ཐག་གཅོད་པའི་ཕན་འབྲས་ལྡན་པའི་བྱེད་ཐབས་ཤིག་དང་གལ་ཆེ་བའི་ཐོན་ལས་ཤིག་ཏུ་རྩིས་ནས་གཙིགས་སུ་བཟུང་ཏེ། སྲིད་ཇུས་སྣེ་ཁྲིད་དང་ཆ་འཕྲིན་ཞབས་ཞུ། ལས་ཀ་མཚམས་སྦྱོར། ཁེ་དབང་ཁག་ཐེག ནུས་རྩལ་གསོ་སྦྱོང་སོགས་ཀྱི་ཐད་ནས་ཆ་ཚང་བའི་ཞབས་ཞུའི་མཁོ་འདོན་བྱས་ཤིང་། ཤུགས་ཆེན་པོས་རྩོལ་ལས་བར་ཁེ་བའི་དཔུང་ཁག་གསོ་སྐྱོང་དང་ཧུར་བརྩོན་གྱིས་ཕྱིར་གཏོང་གི་རྩ་འཛུགས་ཅན་གྱི་ཆུ་ཚད་དང་སྤུས་ཚད་མཐོར་འདེགས་དང་། རྩོལ་ལས་སྤོ་བསྒྱུར་ཕྱིར་གཏོང་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་ཆུ་ཚད་མུ་མཐུད་དུ་གོང་དུ་སྤེལ་ཏེ། རྫོང་ཡོངས་ཀྱི་རྩོལ་ལས་སྤོ་བསྒྱུར་ཕྱིར་གཏོང་གི་ཡོང་སྒོ་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་ནས་ཐོག་མར་སྒོར་དུང་ཕྱུར་ལས་བརྒལ། མིག་སྔའི་བར་དུ། རྫོང་ཡོངས་སུ་རྩོལ་ལས་ཕྱིར་གཏོང་བྱས་པ་མི་ཐེངས༣.༥༨ལ་སླེབས་པ་དང་། རྩོལ་ལས་ཡོང་སྒོ་སྒོར་ཁྲི༡༡༥༤.༡༣མངོན་འགྱུར་བྱས་ཤིང་། མི་རེས་ཆ་སྙོམས་ཀྱིས་སྒོར༣༢༢༤བསྐྲུན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com