དཔའ་ རིས་ རྫོང་ གི་ མཐོ་ སྒང་ སྐྱེས་ ལྡན་ སིལ་ ཏོག་ དང་ སྔོ་ ཚལ་ གྱིས་ ཚོང་ བའི་ མིག་ དབང་ བཀུགས།
ཉེ་ལམ། ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར་ནས་བསྡུས་པའི་དཔའ་རིས་མཐོ་སྒང་སྐྱེས་ལྡན་སིལ་ཏོག་དང་སྔོ་ཚལ་འོས་སྦྱོར་ཚོགས་འདུའི་སྟེང་གྲོ་མ་དང་རྒུམ་འབྲུམ་སོགས་སིལ་ཏོག་གིས་ཚོང་བའི་མིག་དབང་བཀུགས། ཉེ་བའི་ལོ་འགར། དཔའ་རིས་རྫོང་གིས་ཤུགས་ཆེན་པོས་རྒུམ་འབྲུམ་དང་གྲོ་མ་གཙོ་བྱས་པའི་མཐོ་སྒང་གི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། སྔོན་ཐོན་གྱི་དངོས་བཀོལ་ཞིང་ལས་ཚན་རྩལ་གྲུབ་འབྲས་ཚུར་འདྲེན་དང་དཔེ་སྟོན། ཁྱབ་སྤེལ་བྱེད་པ་བརྒྱུད། སྲོལ་རྒྱུན་གྱི་ཞིང་ལས་ནས་དེང་རབས་ཅན་ཞིང་ལས་ཀྱི་ཕྱོགས་སུ་བསྐྱོད་པའི་ཞིང་ལས་ལམ་བུ་ཞིག་གསར་དུ་བཏོད། མིག་སྔའི་བར་དུ། རྫོང་ཡོངས་སུ་ཁྱད་ལྡན་སིལ་ཏོག་དང་སྔོ་ཚལ་འདེབས་སའི་རྒྱ་ཁྱོན་མུའུ་ཁྲི༢༠.༢ལ་བསླེབས་པ་དང་། ཁྱད་ལྡན་ཞིང་ལས་ཡོང་སྒོ་ཡིས་རོང་འབྲོག་དམངས་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བའི༦༥%ཟིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com