དཔའ་རིས་རྫོང་གིས་སྒོར་ཁྲི་སོ་དྲུག་བཏང་ནས་ཉི་འོད་དྲོད་ཁང་འཛུགས་སྐྲུན་གྱི་སྔོན་ཐོན་ཅན་ལ་བྱ་དགའ་ཆེན་པོ་
ཉེ་ཆར༌།དཔའ་རིས་རྫོང་གིས་སྒོར་ཁྲི་སོ་དྲུག་བཏང་ནས་2007ལོའི་ཉི་འོད་དྲོད་ཁང་འཛུགས་སྐྲུན་ཁྲོད་འབྲས་བུ་ཕུལ་བྱུང་ཐོབ་པའི་སྔོན་ཐོན་ཐུན་མོང་ལ་བྱ་དགའ་ཆེན་པོ་གནང༌།
2007ལོར༌།དཔའ་རིས་རྫོང་གིས་གནའ་ཆུ་འབབ་རྒྱུན་བཅོས་སྐྱོང་གཙོ་བྱས་ནས།ཉི་འོད་དྲོད་ཁང་འཛུགས་སྐྲུན་དེ༌།ཞིང་ལས་ཀྱི་འཇོན་ནུས་འཕར་སྣོན་དང༌།ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་གྱི་བཟོ་འགོད་དང་པོར་ལག་བསྟར་ལ་རྒྱུན་འཁྱོངས་བྱས་ནས༌།རྫོང་ཡོངས་རིགས་སོ་སོའི་ལས་བྱེད་པ་མང་ཚོགས་ཀྱིས་མཉམ་དུ་འབད་པའི་འོག གྲོང་ཁྱེར་གྱིས་གཏན་འཁེལ་བྱས་པའི་ཉི་འོད་དྲོད་ཁང་མུའུ་5000འཛུགས་སྐྲུན་བྱེད་དགོས་པའི་ལས་འགན་ཚད་ལས་བརྒལ་བར་སྒྲུབནས་་སྔོན་ཐོན་ཐུན་མོང་སྐོར་ཅིག་བྱུང༌།རྫོང་དེབ་གའི་ཞིང་ལས་དང་ཞིང་སྡེ་བྱ་བའི་ཚོགས་འདུའི་ཐོག 2007ལོར་ཉི་འོད་དྲོད་ཁང་འཛུགས་སྐྲུན་ཁྲོད་འབྲས་ལེགས་ཐོབ་པའི་རབ་རྒྱས་གྲོང་དང༌།ཕ་ཁྲི་གྲོང་བཀྲ་ཤིས་ཐང་སྡེ་བ་སོགས་སྔོན་ཐོན་ཐུན་མོང་16ལ་བྱ་དགའི་གཟེངས་བསྟོད་གནང་བ་དང༌།མུའུ་1000ལས་འདས་པ་དང༌།ལས་སྒྲུབ་ཕུལ་བྱུང་ཅན་གྱི་ཞང་གྲོང༌།དྲོད་ཁང་200ཡུག་གཅིག་ཏུ་འབྲེལ་བ་དང༌།དྲོད་ཁང་50ཡུག་གཅིག་ཏུ་འབྲེལ་ཡོད་པའི་ཞང་གྲོང་དང་སྡེ་བ་ལ་བྱེ་བྲག་ཏུ་སྒོར་ཁྲི་དྲུག་དང༌།ཁྲི་བཞི༌།ཁྲི་གཉིས༌།སྟོང་ལྔའི་བྱ་དགའི་དངུལ་སྟེར༌། ད་ལོར་བུའུ་བེའུ་གྲོང་ཁྱེར་ཡོངས་ཀྱིས་ཉི་འོད་དྲོད་ཁང་འཛུགས་བསྐྲུན་ལ་ཁ་གསབ་མ་དངུལ་ཇེ་མཐོར་འདེགས་ནས༌། ཉི་འོད་དྲོད་ཁང་མུ་རེའཛུགས་ན་་སྒོར་སྟོང་ལྔ་སྟེར་རྒྱུ་ཡིན་པས༌། འཛུགས་བསྐྲུན་སྔོན་གྱི་ཁ་གསབ་མ་དངུལ་དང་འཛུགས་བསསྐྲུན་རྗེས་ཀྱི་གཟེངས་བསྟོད་བྱ་དགའ་གཉིས་ལས་ཉི་འོད་འཛུགས་བསྐྲུན་གྱི་ལས་འགན་སྒྲུབ་པར་ཁག་ཐེག་བྱས༌།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com