དཔའ་རིས་རྫོང་གིས་ཐབས་བརྒྱ་ཇུས་སྟོང་གིས་འཁྱགས་པས་གནོད་པ་ཆེས་དམའ་བར་ཕབ །

རྩོམ་པ་པོ།:ཐུབ་ནོར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-04-11 09:12:29 ཀློག་གྲངས།:
   ད་ལོའི་ལོ་འགོ་ནས་བཟུང་རྒྱུན་མཐུད་དུ་བྱུང་བའི་གྲང་འཁྱགས་དང་ཁངས་ཆེན་དེས་དཔའ་རིས་རྫོང་གི་ཞིང་ཕྱུགས་ལས་ལ་གནོད་པ་ཚབས་ཆེན་ཐེབས༌།  ལྷག་པར་དུ་སྒྲིག་ཆས་ཞིང་ལས་ལ་གནོད་པ་དེ་ལས་ཆེ་བ་ཐེབས་ཏེ།   རྫོང་ཡོངས་སུ་ཚོད་སིལ་བཏབ་པའི་ཉི་འོད་དྲོད་ཁང་སུམ་སྟོང་དྲུག་ཅུ་རེ་གཉིས་ལ་འཁྱགས་པའི་གནོད་པ་ཐེབས།  དེའི་ནང་དུ་རྒུན་འབྲུམ་དམར་བོ་བཏབ་པའི་ཉི་འོད་དྲོད་ཁང་ལོ་འབབ་སྤུ་ཙམ་མེད་པར་བཏང༌།   ཚོད་མ་བཏབ་པའི་ཉི་འོད་དྲོད་ཁང་སུམ་བརྒྱའི་ནང་ལོ་འབབ་སུམ་ཆ་གཅིག་གཉིས་ཙམ་ལས་མེད།      རྒུན་འབྲུམ་དམར་བོ་བཏབ་བའི་ཉི་འོད་དྲོད་ཁང་ལ་རིམ་པ་མི་འདྲ་བའི་གནོད་པ་ཐེབས༌།   ཕྱུགས་ཆེ་ཆུང་སུམ་སྟོང་ལྷག་འཁྱགས་པས་ཤི་སོང༌།       ད་དུང་ཉི་འོད་ཕྱུགས་རའི་ཐོག་ཁེབས་ཆུ་ཤོག་གྲུ་བཞི་མ་མུ་ཁྲི་བརྒྱད་གཏོར་བརླག་ཏུ་བཏང།     གོང་གི་གནོད་པའི་གྱོང་གུད་སྡོམ་པས་སྒོར་བྱེ་བ་བརྒྱད་ལྷག་ལ་ཐོན༌།
    གནོད་པ་བྱུང་བའི་དུས་མཉམ་དུ༌། དཔའ་རིས་རྫོང་གིས་བརྩི་མཐོང་ཆེན་པོ་གནང་ཏེ་གནོད་སྐྱོབ་བྱ་བའི་སྔོན་བཀོད་འཆར་གཞི་ལག་བསྟར་བྱེད་པ་དང་ཐོན་སྐྱེད་རང་སྐྱོབ་བྱ་བ་རབ་དང་རིམ་པ་སྤེལ།    རྫོང་གི་ཞིང་འབྲེལ་ལས་ཁུངས་དང་གནོད་ཐེབས་ལྗི་བའི་ཞང་གྲོང་སོ་སོས་ལོ་གསར་གྱི་གནང་བ་བླངས་ནས་ལས་བྱེད་པ་དང་ཚན་རྩལ་མི་སྣ་སོགས་སྡེ་བ་དང་ཞིང་ཁྱིམ།   དྲོད་ཁང་དུ་ཟབ་ཞུགས་བྱས་ནས་གནོད་ཚུལ་ལ་ཞིབ་བརྟག་རྒྱུས་ལོན་བྱེད་པ་དང༌།     ཐབས་བཀོད་སྣ་མང་གིས་ཉི་འོད་དྲོད་ཁང་འཁྱགས་འགོག་དང་གནོད་ཤུལ་ཉམས་གསོ་བྱ་བར་མཛུབ་སྟོན་གནང༌།     དེ་དང་མཉམ་དུ་རྫོང་བརྙན་འཕྲིན་རླུང་འཕྲིན་ལས་ཁུངས་ཀྱིས་འཁྱགས་འགོག་དང་གནོད་སྐྱོབ་ཀྱི་ཚན་རྩལ་ཤེས་བྱ་རབ་དང་རིམ་པ་བཏང་བས་རྒྱ་ཆེ་བའི་རོང་འབྲོག་པ་ཚོས་འཁྱགས་འགོག་གི་མེ་དཔུང་བསྐྱལ་ཡོང་བའི་བསྔགས་བརྗོད་གནང༌།    ད་ལྟ་གནོད་སྐྱོབ་མ་དངུལ་སྒོར་བྱེ་བ་གཅིག་ལྷག་མར་སྤྲད་དེ་དམངས་ཚོགས་ཀྱིས་གནོད་སྐྱོབ་བྱ་བར་རོགས་སྐྱོརགགནང༌།་


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།