ངོས་དང་པོ > སྐབས་དོན། > སྤྱི་ཚོགས་དཔལ་འབྱོར། > དཔའ་རིས་རྫོང་གི་ཐོན་ལས་ཅན་གྱི་དབུལ་སྐྱོར་ཕྱུག་ལམ་ཇེ་ཡངས་རེད
དཔའ་རིས་རྫོང་གི་ཐོན་ལས་ཅན་གྱི་དབུལ་སྐྱོར་ཕྱུག་ལམ་ཇེ་ཡངས་རེད
རྩོམ་པ་པོ།:ཐུབ་ནོར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-04-10 11:08:43
ཀློག་གྲངས།:
དཔའ་རིས་རྫོང་གིས་དབུལ་སྐྱོར་འདོན་སྤེལ་གྱི་གཞི་འཛིན་ས་དེ་རྣམ་གྲངས་འཛུགས་བསྐྲུན་ལ་བརྟེན་བ་དང་༌། རྣམ་གྲངས་འཛུགས་བསྐྲུན་གྱི་རྐང་འཛུགས་ས་ཐོན་ལས་གསོ་སྐྱོང་ཐོག་དང༌། ཐོན་ལས་གོང་འཕེལ་གྱི་དམིགས་འབེན་དེ་དབུལ་ཕོངས་དམངས་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ཐོག་བཞག་པས༌། རྣམ་གྲངས་དང་ཐོན་ལས། ཚན་རྩལ་གསུམ་ཕུང་བོ་གཅིག་ཏུ་གྲུབ་པའི་དབུལ་སྐྱོར་ཕྱུག་ལམ་གསར་བཏོད་བྱེད་དེ་དཔའ་རིས་བོད་ཁུལ་དེ་སྲོལ་རྒྱུན་ཞིང་ལས་ནས་དེང་རབས་ཞིང་ལས༌། འབྲས་དམན་ཅན་གྱི་དབུལ་སྐྱོར་ཐབས་ལམ་ལས་འབྲས་མཐོ་ཚན་རྩལ་ཅན་གྱི་དབུལ་སྐྱོར་་ཕྱུག་ལམ་དུ་བསྐྱོད་འགོ་བརྩམས༌།
ཉིས་སྟོང་ལོ་ནས་བཟུང༌། དཔའ་རིས་རྫོང་གིས་དབུལ་སྐྱོར་རྣམ་གྲངས་དེ་མཐོ་སྒང་སྤྱི་གནོད་མེད་པའི་ཚོད་མ་དང་དུག་ཐར་ཞོག་ཁོག རྒྱུད་འདྲེས་ལོ་དཀར། ཟས་སྤྱོད་ཤ་མོ་སོགས་འཕེལ་འགོ་བརྩམས་ནས། ཉེ་བའི་ལོ་འགར་གྲོ་ལོ་ས་འཛིན་དང༌། རྒུན་འབྲུམ་དམར་བོ་སོགས་ཁྱད་ལྡན་ཐོན་ལས་སུ་འཕེལ་བས། རྫོང་ཡོངས་ཀྱི་ཞང་གྲོང་བཅུ་དགུ། སྡེ་བ་དགུ་བཅུ་གོ་དགུ།
རོང་འབྲོག་པ་ཁྲི་གཉིས་དང་སྟོང་དྲུག་ལྷག་ལ་ཁྱབ། ལྷག་པར་དུ་མཐོ་སྒང་ཞིང་ལས་དཔེ་སྟོན་ར་བ་དང༌། ནགས་ལས་མཐོ་གསར་ལག་རྩལ་ར་བ་དང༌། ཚན་རྩལ་དབུལ་སྐྱོར་དཔེ་སྟོན་ར་བ་གསུམ་འཛུགས་བསྐྲུན་བྱ་བའི་ནང༌། དབུལ་སྐྱོར་རྣམ་གྲངས་དང་མ་དངུལ་གྱིས་བྱས་རྗེས་མི་དམན་པ་བཞག་ཡོད༌། ཐོན་ལས་ཅན་གྱི་དབུལ་སྐྱོར་རྣམ་གྲངས་དེ་རྫོང་དེའི་ཞང་སྡེའི་ཐོན་ལས་ཅན་འདོན་སྤེལ་དང༌། དཔལ་འབྱོར་གོང་འཕེལ༌། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བཅས་ཀྱི་རྟེན་གནས་གལ་ཆེན་ཞིག་དུ་འགྱུར། ད་ལྟ། དཔའ་རིས་རྫོང་གི་ཁྱད་ལྡན་ཞིང་ལས་ཀྱི་རྒྱ་ཁྱོན་མུ་ཁྲི་ཚོ་༡༤ཁ༨ལ་ཐོན་ཡང༌། སྤྱི་གནོད་མེད་པའི་ཚོད་མའི་རྒྱ་ཁྱོན་ཁྲི་ཚོ་༥ཁ༠༤ལ་ཐོན། མུ་སྟོང་ཡན་ཆད་གྱི་ཚོད་འདེབས་དཔེ་སྟོན་སྡེ་བ་བཅོ་བརྒྱད་ཡོད༌།མཐོ་སྒང་སྤྱི་གནོད་མེད་པའི་ཚོད་མ་དང་༌། གྲོ་ལོ་ས་འཛིན༌། རྒུན་འབྲུན་དམར་བོ་སོགས་ནི་དབུལ་ཕོངས་དམངས་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ཐོན་ལས་གཙོ་བོར་འགྱུར་ཡང༌། རོང་འབྲོག་པའི་ཡོང་སྒོ་རྐྱང་རྐྱང་ནང་ཕྱེད་ཀ་ཡན་ནི་ཁྱད་ལྡན་ཞིང་ལས་ནས་བྱུང༌། སྤྱི་གནོད་མེད་པའི་ཚོད་མ་ཐོན་ལས་གཅིག་པུ་ཐོག ཉིས་སྟོང་བདུན་ལོར་ཡོང་སྒོ་དུང་ཕྱུར་གཅིག་དང་ས་ཡ་བརྒྱད་ལྷག་ལ་ཐོན་ཡང་རྫོང་ཡོངས་ཀྱི་ཞིང་ལས་ཡོང་སྒོའི་བརྒྱ་ཆའི་སོ་བདུན་ཟིན།
རྩྭ་ཕྱུགས་ཐོན་ལས་ཐོག་ནོར་ལུག་དྲོད་རར་གསོ་བའི་དཔེ་སྟོན་སྡེ་བ་༢༦དང༌། ཕྱུགས་ཟོག་ཚོན་གསོ་ཁྱིམ་ཚང་༢༡༦༠། སྤུས་ལེགས་ཅན་གྱི་རྩ་གཟན་གཞི་ས་ཁྲི་ཚོ་༡༢ལ་ཐོན་ཡང༌། ལོ་རེར་ལུ་གུ་འབུམ་ལྷག་ཕྱུགས་རག་ལས་འབུད༌།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།