བོད་ལྗོངས་ནས་སྐྱེས་པའི་མེ་ཏོག་ནེ་པ་ལར་ཕྱིར་འཚོང་བ།
བོད་ལྗོངས་ནས་སྐྱེས་པའི་མེ་ཏོག་ནེ་པ་ལར་ཕྱིར་འཚོང་བ།
ཟླ་༢ཚེས་༨ཉིན། བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་གི་སྒང་བདེ་གླིང་ཞེས་པའི་ཞིང་བའི་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་གི་སྒྲོལ་དཀར་གྱིས་མེ་ཏོག་སྐྱེས་ཚུལ་ལ་ལྟ་བཞིན་ཡོད་པ།
༢༠༠༤ལོའི་ལོ་མཇུག་ཏུ་ཚུགས་པའི་བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་གི་སྒང་བདེ་གླིང་ཞིང་བའི་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་གིས་སྔོ་ཚལ་འདེབས་འཛུགས་བྱེད་བཞིན་ཡོད་པ་ཕུད། ད་དུང་མེ་ཏོག་རིགས་མང་པོ་བཏབ་ཅིང་། ༢༠༠༨ལོའི་ལོ་མཇུག་ནས་བཟུང་ནེ་པ་ལར་ཕྱིར་འཚོང་བྱས་པ་རེད། མཉམ་ལས་ཁང་དེས་ད་བར་མེ་ཏོག་རིགས་མི་འདྲ་བ་རྐང་ཁྲི་༡༥ཙམ་ནེ་པ་ལར་བཙོངས་ཡོད་པ་དང་། ན་ནིང་། མཉམ་ལས་ནང་ཞུགས་པའི་རོང་འབྲོག་མི་སེར་གྱིས་སྔོ་ཚལ་དང་མེ་ཏོག་འདེབས་འཛུགས་བྱས་པར་བརྟེན་ནས་དུད་ཁྱིམ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་༡༢༥༠༠ཐོབ་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com