བོད་ཀྱི་གྲོང་གསེབ་ཏུ་དེབ་ཁང་བཙུགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཤིན་ཧྭ་དྲ་བ། དུས་ཚོད།:2008-03-17 08:57:46 ཀློག་གྲངས།:

ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་སྐྱེད་པ་ཞང་སྐྱེད་པ་གྲོང་ཚོའི་ཞིང་བ་ཚོས་ཞིང་བའི་

དཔེ་ཁང་དུ་དཔེ་ཆར་ལྟ་བཞིན་པའི་ཚུལ་རེད།

    ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན་གནས་ཚུལ་འབྱོར་གསལ་ལྟར་ན།  མིག་སྔའི་བར་བོད་ལྗོངས་ཀྱི་ལྷ་ས་དང་གཞིས་རྩེ།  ཉིང་ཁྲི།  ཆབ་མདོ་སོགས་ས་ཁུལ་བཞིའི་རྫོང་བཅུཁུལཡི་སྲིད་འཛིན་གྲོང་ཚོ་ཉི་ཤུ་ལ་ཞིང་བའི་དཔེ་ཁང་ཉི་ཤུ་བཙུགས་པ་དང་།  ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་ཚོ་བཞི་ཅུ་བཏང་ཡོད།  དཔེ་ཁང་རེར་ཆ་སྙོམས་བྱས་ན་དཔེ་དེབ༡༥༠༠དང་།  ཚགས་པར་དང་དུས་དེབ་རིགས༣༠སྒྲ་བརྙན་འོད་སྡེར་རིགས༡༠༠བཅས་གཤམ་སྤྲོད་བྱས་ཡོད་ཅིང་།  དེའི་ནང་བོད་ཡིག་དཔེ་དེབ་ཀྱིས་བརྒྱ་ཆ༩༥ཡན་ཟིན་ཡོད་པས་ཞིང་འབྲོག་མང་ཚོགས་ཀྱིསདཔེ་དེབ་གཡོར་བ་དང་།  དཔེ་དེབ་ལ་བལྟ་བ།  དཔེ་དེབ་སྤྱོད་པ་བཅས་ཀྱི་དཀའ་ཁག་ཆེ་བའིགནད་དོན་ཐག་གཅོད་ཐུབ་པ་བྱུང་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།