ཨ་མ་ཟླ་སྒྲོན་ལགས་དང་ཁོང་གི་དྭ་ཕྲུག་ཚོ།

རྩོམ་པ་པོ།:བསྟན་པ་ཡར་འཕེལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། དུས་ཚོད།:2008-03-08 10:26:33 ཀློག་གྲངས།:

   

    དུས་རབས་གོང་མའི་ལོ་རབས་བདུན་ཅུ་པའི་དུས་མཇུག་ནས་བཟུང་རང་ལྗོངས་སུ་སྒྱུར་བཅོས་སྒོ་དབྱེའི་སྲིད་བཟང་གི་དྲོད་ལྡན་དཔྱིད་དཔལ་བཞད་ཅིང་། དཔལ་འབྱོར་འཛུགས་སྐྲུན་གྱི་མཐོ་རླབས་འཕྱུར་བའི་ཁྲོད་ལས་བརྩོན་ཕྱུག་འགྱུར་གྱི་དཔེ་མཚོན་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་དང་དེ་བས་ཀྱང་ཕྱུག་པོར་གྱུར་རྗེས་སུ་གཞན་ཕན་བྱ་བ་བསྒྲུབ་རྒྱུར་དོ་སྣང་ཆེན་པོ་བྱེད་མཁན་དཔེ་མཚོན་མང་པོ་ཐོན་ཡོད་ཅིང་། ལྷ་སའི་བདེ་སྐྱིད་དྭ་ཕྲུག་ཁང་གི་སྦྱིན་བདག་ཨ་མ་ཟླ་སྒྲོན་ལགས་ཀྱང་འཇོན་ཐང་དང་སེམས་བཟང་གཉིས་ལྡན་གྱི་ཕུལ་བྱུང་བུད་མེད་ཅིག་ཡིན་པ་རེད།

    མིའི་གཤིས་སྤྱོད་དང་། ཀུན་སློང་སོགས་གཅིག་མཚུངས་མིན་པས་ད་ཆ་སྤྱི་ཚོགས་འདིའི་ཐོག་མི་ཉུང་ཤས་ཀྱིས་རང་ཉིད་ཕྱུག་པོ་ཆགས་རྗེས་ཟས་གོས་གང་ཡག་ལ་ལོངས་སྤྱོད་བྱེད་པ་མཐོང་ཆོས་སུ་གྱུར་ཡོད་ལ་དེ་བས་རྒྱས་སྤྲོས་བྱེད་པའང་ཡོད་པ་དང། ཐ་ན་སྤྱོད་ལམ་དེ་བས་ཐ་ཤལ་ཡིན་པའི་སྐྱེ་བོ་ཉུང་ཤས་ཀྱིས་རང་ཉིད་ཕྱུག་པོ་ཆགས་རྗེས་གཞན་གྱི་མདུན་དུ་རང་ཉིད་གང་མིན་ཚད་ཅིག་ཡིན་སྙམ་སྟེ་ལྟོ་གོས་ཞན་པའི་སྐྱེ་བོར་མཐོང་ཆུང་བྱེད་པའང་མཐོང་རྒྱུ་ཡོད་མོད། འོན་ཀྱང་བདེ་སྐྱིད་དྭ་ཕྲུག་ཁང་གི་ཨ་མ་ཟླ་སྒྲོན་ལགས་ནི་གོང་དུ་བཤད་པའི་སྐྱེ་བོ་ཉུང་ཤས་དེ་ཚོའི་གྲས་གཏན་ནས་མིན་པར་རང་ཉིད་ཀྱི་ལྟོ་གོས་གནད་དོན་ཐག་གཅོད་བྱུང་རྗེས་སྔར་བས་གྲོན་ཆུང་དང་དེ་ལས་བྱུང་བའི་དངོས་རྫས་ལ་བརྟེན་ནས་སྤྱི་ཚོགས་ཐོག་མི་སེམས་འགུལ་བའི་བྱ་བཟང་སྒྲུབ་མཁན་བུད་མེད་བཟང་པོ་ཞིག་ཡིན།

    བྱམས་བརྩེའི་སེམས་ཀྱི་མིག་ཟུང་ནས་བརྩེ་སེམས་ཀྱི་མདངས་མངོན་པའི་ཨ་མ་ཟླ་སྒྲོན་ལགས་སུ་གཞན་ཕན་གྱི་བྱ་བ་སྒྲུབ་པའི་སྐོར་གསུངས་རོགས་ཞུ་སྐབས་ཁོང་གིས་དེ་འདྲ་བཤད་ན་བས་ཡུས་ལ་འགྲོ་གི་རེད་ཅེས་དང་ཐོག་འཕྲིན་སྤེལ་བར་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་གནང་འདོད་དེ་ཙམ་གནང་གི་མི་འདུག་ཀྱང་ཁོ་བོས་ཨུ་ཚུགས་མཐའ་སྐྱེལ་གྱིས་སྤྱི་ཚོགས་ལ་སློབ་གསོ་ཐེབས་ཐུབ་པའི་གནས་ཚུལ་གསུངས་རོགས་གནང་རོགས་ཞུ་སྐབས་ཁོང་གིས་དེ་སྔ་རང་ཁྱིམ་གྱི་འཚོ་བར་འགྱུར་ལྡོག་བྱུང་མ་ཐག་དང་ཐོག་སྤྱི་ཚོགས་ཐོག་ལྟ་སྐྱོང་བྱེད་མཁན་མེད་པའི་རྒན་རྒོན་གསུམ་བཞི་ཞིག་བདག་སྐྱོང་དང་ཁོང་ཚོའི་ཚེ་མཇུག་ཀྱང་མི་གཞན་དང་འདྲ་བར་བདེ་སྐྱིད་ལྡན་པའི་ངང་འཁྱོལ་བ་བྱས་པ་ཡིན་ཞེས་དང་། རྗེས་སུ་བོད་ཀྱི་སྤྱི་ཚོགས་ཐོག་མ་གཞི་ཏང་དང་སྲིད་གཞུང་གིས་དྭ་ཕྲུག་གི་འཚོ་བར་ལྟ་སྐྱོང་གནང་གི་ཡོད་མོད་འོན་ཀྱང་ད་དུང་ཁག་གཅིག་གི་འཚོ་བར་དཀའ་ངལ་ཡོད་པས་ན་བདག་གིས་༢༠༠༢ལོར་ཆེད་གྲོན་བཏང་སྟེ་བདེ་སྐྱིད་དྭ་ཕྲུག་ཁང་དངོས་སུ་བཙུགས་པ་དང་།དེའི་ནང་བསམ་བློའི་ཀུན་སློང་བཟང་ལ་རིག་གནས་བྱང་ཚད་ངེས་ཅན་ཡོད་པའི་དགེ་རྒན་གདན་ཞུ་བྱས་རྗེས་དྭ་ཕྲུག་ཚོར་འཚོ་བ་ཁོ་ན་མིན་པར་བྱིས་པའི་དུས་ནས་སློབ་ཞུགས་སྔོན་གྱི་སློབ་གསོ་ཐོབ་པ་དང་། དྭ་ཕྲུག་དེ་ཚོ་སློབ་ལོ་ལོན་མ་ཐག་སླར་ཡང་སློབ་ཆུང་ཁག་ཏུ་བསྐྱལ་ཏེ་སློབ་ཆུང་གི་སློབ་གསོ་ཡང་དུས་ཐོག་ཏུ་ཐོབ་ཐུབ་པ་བྱས་ཡོད་ཅེས་གསུངས་བྱུང་། མིག་སྔར་དྭ་ཕྲུག་ཁང་དེའི་སློབ་མ་དྲུག་ནང་སའི་བོད་ལྗོངས་འཛིན་གྲྭར་ཡོད་པ་དང་། སློབ་ཕྲུག་གསུམ་ལྷ་ས་ཁྲེང་ཀོན་ཆུས་སློབ་འབྲིང་དྲུག་པའི་ནང་ཡོད་པ་ལས་སློབ་སྦྱོང་རྩེ་གྲ་ཤ་སྟག་ཡིན་པ་རེད།

    བདེ་སྐྱིད་དྭ་ཕྲུག་ཁང་གི་ཨ་མ་ཟླ་སྒྲོན་ལགས་ཀྱིས་སྔ་མ་རྣམས་སློབ་ཆུང་དུ་བཏང་བ་དང་སྦྲགས་མུ་མཐུད་དྭ་ཕྲུག་གསོ་ཉར་བྱས་ནས་ད་ལྟ་བུ་ཕྲུག་༧༢ཡོད་པ་དེ་ཚོ་བདེ་ཐང་དང་སེམས་ཁྲལ་གཏན་ནས་མེད་པའི་ཐོག་འཚར་ལོངས་ཡོང་བཞིན་ཡོད་ཅིང་། འཕྲིན་སྤེལ་བས་ཨ་མ་ཟླ་སྒྲོན་ལགས་སུ་ཕྲུ་གུ་གསོ་བའི་འགྲོ་གྲོན་ཡོང་ཁུངས་སྐོར་འདྲི་སྐབས་ཁོང་གིས་གཙོ་བོ་ལྷ་སར་ཟ་ཁང་ཞིག་དང་། དྭ་ཕྲུག་ཁང་གི་ཡུལ་སྐོར་དངོས་ཟོག་ཁང་གཅིག   ལྷ་སའི་བར་སྐོར་ཁྲོམ་གཞུང་དུ་ཁང་གླ་བཏང་བའི་ཚོང་ཁང་ཞིག་བཅས་ཡིན་གསུངས་བྱུང་ལ་ད་དུང་ཁོང་གིས་ལྷག་བསམ་རྣམ་དག་གིས་དྭ་ཕྲུག་གསོ་བའི་གནས་ཚུལ་དེ་སྤྱི་ཚོགས་ཐོག་ཁྱབ་རྗེས་སྤྱི་ཕན་ལྷག་བསམ་དཀར་བའི་སྦྱིན་བདག་ཁག་གཅིག་གིས་ཀྱང་ཁོང་གི་དྭ་ཕྲུག་ཁང་ལ་གང་ཐུབ་ཅི་ཐུབ་ཀྱིས་འགྲོ་གྲོན་ཞལ་འདེབས་རྒྱག་གི་ཡོད་པ་རེད། གཞན་གྱིས་དེ་གར་ཕུལ་བའི་འགྲོ་གྲོན་སྐོར་གླེང་སྐབས་ཁོང་གིས་རང་ཉིད་དང་འདྲ་བའི་སྦྱིན་བདག་ཁག་གཅིག་གིས་གྲོན་ཆུང་བྱས་ནས་བྱུང་བའི་མ་དངུལ་སོགས་བོར་བརླག་མེད་པའི་ཐོག་ཕྲུ་གུའི་ཐོག་ལ་ཇི་ལྟར་བཏང་ཚུལ་རྩིས་ཁྲ་ཧ་ཅང་གསལ་པོ་བཀོད་ཡོདཅེས་གསུངས་ཀྱི་འདུག་ལ་གཞན་ཡང་དྭ་ཕྲུག་ཁང་དེ་ལེགས་གཉེར་ཐུབ་པའི་རྒྱུ་མཚན་གཞན་ཞིག་ནི་ཨ་མ་ཟླ་སྒྲོན་ལགས་ཕུད། ཁོང་གི་བཟའ་ཟླ་བུ་ཕྲུག་དང་བཅས་པས་ཀྱང་བྱ་བ་དེ་ལྟ་བུ་ལེགས་པོ་སྒྲུབ་རྒྱུ་དེ་ད


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།