༄༅།།རང་རྒྱལ་གྱི་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:རང་རེའི་དྲ་བ། དུས་ཚོད།:2021-02-26 09:25:38 ཀློག་གྲངས།:
པར་དྲ་བ་ལས་དྲངས།
      ཟླ2ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནངས་ནས། རང་རྒྱལ་གྱི་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བརྗིད་ཉམས་ལྡན་པའི་སྒོ་ནས་ཁྱབ་བསྒྲགས་གནངས།
      ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སྐབས་གལ་ཆེན་བསུ་བའི་མཚམས་སུ། རང་རྒྱལ་གྱི་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ནས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་གྲངས་དབུལ་པོ་ཁྲི9899ཚང་མ་དབུལ་ཐར་བྱུང་པ་དང་། རྫོང་དབུལ་པོ832ཚང་མའི་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་པོ་ཁྲི12.8ཚང་མ་དབུལ་པོའི་གྲལ་ལས་བསྒྲལ་བ། ས་ཁོངས་རང་བཞིན་སྤྱི་ཡོངས་དབུལ་ཕོངས་ཡིན་པའི་གནད་དོན་ཐག་གཅོད་ཐུབ་པ། དབུལ་པོ་དབུལ་རྐྱང་མེད་པར་བཟོ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་གྲུབ་བྱུང་ནས། སླར་ཡང་ལོ་རྒྱུས་ཀྱི་དེབ་ཐེར་ནང་མངོན་པར་བཀྲ་བའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་བཏོད་ཡོད། འདི་ནི་ཀྲུང་གོ་མི་དམངས་ཀྱི་གཟི་བརྗིད་རླབས་པོ་ཆེ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་གཟི་བརྗིད་རླབས་པོ་ཆེ། ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་རླབས་པོ་ཆེ་བཅས་རེད།  
      དེ་རིང་གི་གཟེངས་བསྟོད་ཚོགས་ཆེན་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁང་པོ་ལི་སོགས་བློ་མཐུན1981ལ་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་དང་པེ་ཅིང་ཧྲའོ་ནུའུ་མཁོ་སྤྲོད་འབྲེལ་ཐག་དོ་དམ་ཚད་ཡོད་ཀུང་སི་སོགས་ཐུན་མོང1501ལ་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་ཐུན་མོང་གི་མཚན་སྙན་གནངས། 

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།