-
ཟླ2པའི་ཚེས1ཉིན་དཔར་འགྲེམ་བྱས་པའི«བདེན་འཚོལ»དུས་དེབ་འདོན་ཐེངས་གསུམ་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི«ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་བའི་རྒྱལ་ཁའི་བགྲོད་ལམ་འཚོལ་ཞིབ་བྱེད་དགོས»ཞེས་པའི་རྩོམ་ཡིག་གལ་ཆེན་སྤེལ།...
2023-02-07 08:58:49 མཚོ་སྔོན་པོ་དྲ་བ། 11955 -
[སྐབས་བབ་སྲིད་དོན།]
མཚོ་ལྷོའི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་ཞིང་ཆེན་གྱི་ལས་ཁུངས་སོ་སོར་སོང་ནས་བྱ་བ་འབྲེལ་མཐུད་བྱས།
ཟླ1པོའི་ཚེས30ཉིན།ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་སྣེ་ཁྲིད་དེ་སྔ་རྗེས་སུ་ཞིང་ཆེན་ནོར་སྲིད་ཐིང་དང་ཞིང་ཆེན་ནུས་རྒྱུ་ཅུའུ་རུ་སོང་ནས་བཞུགས་མོལ་སྤེལ་རེས་གནང་བ་རེད།ལིས་ཀང་དང་ཀརྨ་ཕུན་ཚོགས་གཉིས་ཀྱིས་ཞིང་ཆེན་ནོར་སྲིད་ཐིང་དང་ཞིང་ཆེན་ནུས་རྒྱུ་ཅུའུ་ཡིས་དུས་ཡུན་རིང་བོར་མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ཐད་མཛུབ་ཁྲིད་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས་ཤིང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་འོགམཚོ་ལྷོ་ཁུལ་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་དྲིལ་སྒྲོགསྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་ཁྲིད་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ།དཔལ་འབྱོར་མར་ཆགས་པའི་གནས་བབས་དང་།གནམ་གཤིས་ངན་པ་དང་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ནས།ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་ཐོག་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ལྟར།རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་གྱིས་འཆར་འགོད་དང་།འཕེལ་རྒྱས།བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད།དཔལ་འབྱོར་གྱི་གཞི་རྩ་བརྟན་པོ་ཡོང་བ།མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལས་ཕུང་བདེ་ཐང་ཡོང་བར་འགན་སྲུང་།མ་མཐའི་དམངས་འཚོ་སྲུང་བ།སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་དང་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བཅས་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།...
2023-02-03 08:33:00 མཚོ་སྔོན་པོ་དྲ་བ། 12097 -
2023ལོའི་ཟླ་དང་པོའི་ཚེས14ཉིན་གྱི་སྔ་དྲོའི་ཆུ་ཚོད9ཡི་སྟེང་།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།...
2023-01-16 17:26:47 མཚོ་སྔོན་པོ་དྲ་བ། 13813 -
ལོ་སར་ཉེ་ལ་སྐབས་འདིར།གང་ཡིན་སར་དགའ་སྐྱིད་ཀྱི་རྣམ་པས་ཁེངས་འདུགབསྟུད་མར་ཉིན་འགའི་རིང་།ཁུལ་ཚན་ཁག་ཆེན་མོ་བཞིའི་མགོ་ཁྲིད་ཀྱིས་རང་ཁུལ་གྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་རྒན་པ་དང་གཞི་རིམ་ལས་བྱེད་མང་ཚོགས་ལ་འཚམ་འདྲི་བྱས་ཏེ།ཁོ་ཚོའི་འཚོ་བའི་བདེ་སྡུག་ལ་རྒྱུས་ལོན་དང་དམངས་ཀྱི་སེམས་གཏམ་ལ་ཉན།དེ་མིན་ཁོ་ཚོར་ལོ་སར་གྱི་འཚམ་འདྲི་དང་སྨོན་འདུན་བསྐྱལ།...
2023-01-13 09:45:09 མཚོ་སྔོན་པོ་དྲ་བ། 11738 -
ཟླ1པོའི་ཚེས5ཉིན།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་ཁུལ་སྤྱི་བདེ་ཅུའུ་དང93932དཔུང་ཁགཁུལ་མེ་འགོག་མྱུར་སྐྱོབ་ཡན་ལག་རུ་ཁག་བཅས་སུ་བསྐྱོད་དེ།ལས་གནས་དང་པོ་རུ་འབད་བརྩོན་ལྷོད་མེད་གནང་ཀྱིན་པའི་གནས་སྡོད་དཔུང་ཁག་དང་དམིགས་གསལ་ཉེན་རྟོག་པ།མེ་འགོག་མི་སྣ་བཅས་ལ་འཚམ་འདྲི་བྱས།བྱ་འགུལ་སྤེལ་བའི་སྐབས་སུ།ལིས་ཀང་གིས་མེ་འགོག་མྱུར་སྐྱོབ་རུ་ཁག་དང93932དཔུང་ཁགཁུལ་སྤྱི་བདེ་ཅུའུ་ཡི་དམིགས་གསལ་ཉེན་རྟོག་རུ་ཁག་གི་སྐུལ་འདེད་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་བར་མ་ཟད།ཁོ་ཚོའི་ཁྱིམ་མིར་དུས་ཆེན་གྱི་འཚམ་འདྲི་གནང་བ་རེད།མཱ་ཅན་ཧུང་།ཡོན་ཡུས་ལུང་།ཆན་ཀའོ་ཆིན།ཟི་ཅིས་ཧྲིན་བཅས་ཐེངས་འདིའི་བྱ་འགུལ་ལ་ཞུགས།...
2023-01-09 09:03:47 མཚོ་སྔོན་པོ་དྲ་བ། 12266 -
[སྐབས་བབ་སྲིད་དོན།]
ལིས་ཀང་གིས“དུས་ཆེན་གཉིས”ཀྱི་སྐབས་སུ་སྨན་བཅོས་སྲོག་སྐྱོབ་དང་སྨན་རྫས་གསོག་འཇོག་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།
སྤྱི་ལོ་གསར་ཚེས་ཀྱི་སྐབས་སུ།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་སོགས་ཁུལ་དང་རྫོང་།ཤང་གྲོང་བཅས་རིམ་པ་བཞི་ཡི་སྨན་བཅོས་ལས་ཁུངས་སུ་བསྐྱོད་དེ་ཏོག་དབྱིབས་ནད་དུག་གི་སྨན་བཅོས་སྲོག་སྐྱོབ་དང་སྨན་རྫས་གསོག་འཇོག་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད།སྡེ་བའི་ནང་ཁུལ་དུ“དུས་ཆེན་གཉིས”ཀྱི་རིང་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་ཡང་སྤེལ་བ་རེད།ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་མི་དམངས་དང་ཚེ་སྲོག་ནི་བླ་ན་མེད་པ་ཡིན་པའི་ལྟ་ཚུལ་མཐའ་འཁྱོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་སུ་བཟུང་ནས།ཤུགས་ཡོད་རྒུས་མང་ཚོགས་ཀྱི་དཀའ་སྡུག་སེལ་བ་དང་ཉེ་བར་མཁོ་བའི་བྱ་བ་དངོས་སྒྲུབ་རོགས་བྱས་ནས་དུས་བདེ་འཆམ་མཐུན་གྱི་དཔྱིད་དཔལ་གསར་བའི་དུས་ཆེན་ཞིག་རོལ་ཏུ་འཇུག་དགོས་པར་བསྟན།...
2023-01-04 08:41:36 མཚོ་སྔོན་པོ་དྲ་བ། 14254 -
འབྱུང་འགྱུར་གྱི་ཀྲུང་གོའི་རེ་བ་གཞོན་ནུ་ཚོར་བཅོལ་ཡོད།གཞོན་ནུ་དར་ན་རྒྱལ་ཁབ་དར།ཀྲུང་གོ་གོང་འཕེལ་འགྲོ་བ་བྱེད་པར་རྒྱ་ཆེའི་གཞོན་ནུ་རྣམས་ནས་འགན་འཁྲི་ཕྲག་ཏུ་འཁུར་དགོས།གཞོན་ནུའི་སྐྱེ་སྟོབས་རབ་ཏུ་འབར་ཞིང་ལང་ཚོར་རེ་བའི་ས་བོན་སྦྲུམ་ཡོད།རྒྱ་ཆེའི་གཞོན་ནུ་རྣམས་ནས་རྒྱལ་ཁབ་ལ་བརྩེ་བ་འཆང་བ་དང་།ཡར་རྒྱས་བརྩོན་ལེན་གྱི་སྤྱོད་བཟང་རྒྱུད་ལ་འཇགས་པར་བྱེད་པ།འབད་འཐབ་ཀྱི་རྣམ་འགྱུར་ཐོག་ནས་ལང་ཚོའི་དཔལ་འབར་བ་བཅས་བྱས་ཏེ་དུས་རབས་ལ་ངོ་གནོང་མི་དགོས་པ་དང་།ལང་ཚོར་ངོ་གནོང་མི་དགོས་པ་ཞིག་བྱ་དགོས།...
2022-12-31 20:34:52 མཚོ་སྔོན་པོ་དྲ་བ། 12335 -
[སྐབས་བབ་སྲིད་དོན།]
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས་པ།
ཟླ12པའི་ཚེས24ནས་ཚེས26ཉིན་བར་མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས་ཤིང་།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཅན་ཧུང་དང་།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གསེར་མཚོ།ཀེང་ཧྲིན་ཁྲེང་།མ་ཧྲའོ་ཧྥུའུ།གཞན་ཡང་དྲུང་ཡིག་ལི་སུང་སེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན19བཅས་ཚོགས་འདུར་ཞུགས་པ་དང་ཀྲུའུ་རེན་གཞོན་པ་ཀེང་ཧྲིན་ཁྲེང་གིས་ཚོགས་འདུར་མགོ་འཛིན་བྱས།...
2022-12-29 09:18:14 མཚོ་སྔོན་པོ་དྲ་བ། 14302 -
[སྐབས་བབ་སྲིད་དོན།]
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་མཇུག་སྒྲིལ།
ཟླ12པའི་ཚེས26ཉིན་ནས་ཚེས28ཉིན་བར།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་ཁུལ་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་།ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིས་ཀང་དང་མཱ་ཅན་ཧུང་།གསེར་མཚོ།དཔལ་ལྡན།ཀེང་ཧྲེང་ཁྲང་།ཏིང་རུའེ་དབྱི།མཱ་ཧྲའོ་ཧྥུའུ།ལི་སུང་སེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད་པ་དང་།ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ལག་བསྟར་ཀྲུའུ་ཞི་མཱ་ཅན་ཧུང་གིས་འགོ་རྩོམ་ཚོགས་ཆེན་དང་འདེམས་བསྐོའི་ཚོགས་ཆེན་ལ་མགོ་འཛིན་བྱས།ཚོགས་འདུར་ཞུགས་དགོས་པའི་འཐུས་མི249དང་།ཚོགས་ཆེན་ལ་ཞུགས་མཁན་གྱི་འཐུས་མི147ཡོད་པས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་བའི་མི་གྲངས་དང་མཐུན།...
2022-12-28 16:56:51 མཚོ་སྔོན་པོ་དྲ་བ། 14395