• ཟླ10བའི་ཚེས1ཉིན་ནས་ཚེས2ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་རྣམ་པའི་ཐོག་ནས་གུང་ཧོ་རྫོང་རྟ་ནག་མ་གྲོང་རྡལ་དང་རིག་སྨོན་གྲོང་རྡལ་སོགས་སུ་རྟོག་ཞིབ་གནང་།གུང་གསེང་རིང་གི་ཡུལ་སྐོར་ཁྲོམ་རའི་འཁོར་རྒྱུག་བཟང་བོའི་གོ་སྐབས་དམ་འཛིན་བྱས་ཏེ།ཡུལ་སྐོར་ཞབས་ཞུའི་སྤུས་ཚད་སྔར་ལས་མཐོ་རུ་གཏོང་བ་དང་མཛེས་ལྗོངས་ཁུལ་གྱི་དྲིལ་སྒྲོག་ཁྲིད་སྟོན་དང་ཞབས་ཞུ་འགན་ལེན།དཀའ་ངལ་སེལ་བའི་བྱ་བ་ཡག་པོ་བསྒྲུབ་པ་དང་།སེམས་རྣལ་དུ་ཕབ་ནས་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱས་ཏེ།བདེ་འཇགས་དང་གོ་རིམ་ལྡན་པ་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་ཅིག་བསྐྲུན་པ་དང་།ཡུལ་སྐོར་ཁྲོམ་རས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།...

    2023-10-09 17:12:47 མཚོ་སྔོན་པོ་དྲ་བ། 9348
  • ཕུགས་འདུན་ལྡན་པའི་སྐྱེ་བོ་ཡིས།།གང་དགར་ལས་མཚམས་བསྐྱུར་མི་བྱ།།ང་ཚོས་བློ་རྩ་བརྟན་པོ་དང་ཐོག་མཐའ་བར་གསུམ་དུ་དངོས་གཉེར་རྣམ་འགྱུར་རྒྱུན་འཁྱོངས་བྱས་ཏེ།དམིགས་འབེན་གྱི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ་དང་།རིགས་བགར་མཛུབ་སྟོན་ལ་ཤུགས་སྣོན་པ།དོན་དངོས་གནད་དོན་ཐག་གཅོད་ནན་མོ་བྱེད་པ།གཅིག་གྱུར་འབྲེལ་མཐུད་དམ་འཛིན་བྱེད་པ།ཚད་མཐོའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས།འགུལ་སྐྱོད་རང་རྟོགས་བཅས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་འོས་འགན་སོ་སོ་དོན་འཁྱོལ་བྱས་ནས་ཕན་འབྲས་བཟང་བོ་ཐོན་པར་སྐུལ་འདེད་གཏོང་དགོས།སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་བློ་གྲོས་འཕེལ་བ།སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ།ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་པར་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཡུལ་ཁམས་གསར་པ་གཏོད་དགོས།།...

    2023-10-04 09:19:57 མཚོ་སྔོན་པོ་དྲ་བ། 9359
  • ཉེ་སྔོན།གུང་ཧོ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ལྟ་བའི་བརྗོད་དོན་སློབ་གསོ་བཀོད་སྒྲིག་གི་ཚོགས་འདུ་བསྡུས་ཤིང་།གྲོས་ཚོགས་ལས།རྒྱལ་ཡོངས་དང་།ཞིང་ཆེན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ལྟ་བའི་བརྗོད་དོན་སློབ་གསོ་ཕྱོགས་སྡོམ་ཁག་དང་པོ་དང་ཁག་གཉིས་པའི་བཀོད་སྒྲིག་གི་ཚོགས་འདུའི་དགོངས་དོན་དང་།ཁུལ་ཨུའི་བརྗོད་དོན་སློབ་གསོ་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་ཏེ་རྫོང་ཡོངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བ་རེད།...

    2023-09-27 09:49:37 མཚོ་སྔོན་པོ་དྲ་བ། 9002
  • ཟླ9བའི་ཚེས19ཉིན།ཐུན་ཏེ་རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་དེ་རྫོང་ཨུའི་ཏང་གི་སློབ་གྲྭར་བསྡུས་པ་རེད།ཞིང་ཆེན་ཏང་ཨུའི་སྐོར་བཞི་བའི་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གི་ཁོངས་མི་ལིའུ་ཁྲེང་སུང་དང་ཀྲང་ལུང་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་གནང་བ་དང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི།རྫོང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཏིང་རུའེ་དབྱི་ཡིས་སྐུལ་སློང་གཏམ་བཤད་གནང་།...

    2023-09-22 13:27:47 མཚོ་སྔོན་པོ་དྲ་བ། 8695
  • ཟླ9པའི་ཚེས18ཉིན།ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཁུལ་ཨུའི་ཏང་གི་སློབ་གྲྭར་སློབ་འགོ་ཚུགས།ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཞི་པའི་ཙུའུ་ཀྲང་ཀྲུའུ་ཆིང་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཝང་ཧའེ་ཡིང་གིས་མཛུབ་ཁྲིད་གནང་བ་རེད།...

    2023-09-20 10:08:38 དྲ་བའི་རྩོམ་སྒྲིག་པ། 8548
  • ཟླ9བའི་ཚེས15ཉིན།མཚོ་ལྷོ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་ཚོགས་འདུ་བསྡུས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་དང་། ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བརྗོད་དོན་སློབ་གསོ་སྐོར་དང་པོའི་སྤྱི་སྡོམ་དང་སྐོར་གཉིས་པ་བཀོད་སྒྲིག་བྱེད་པའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ནས་ཁུལ་ཡོངས་སུ་བརྗོད་དོན་སློབ་གསོ་སྤེལ་བར་སྐུལ་སློང་ཚོགས་འདུ་བསྡུས་པ་རེད།...

    2023-09-16 09:31:45 མཚོ་སྔོན་པོ་དྲ་བ། 8575
  • དྲ་རྒྱའི་ལག་རྩལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས།མི་རྣམས་ཀྱི་འཚོ་བའང་ཉིན་རེ་བཞིན་མཉམ་འབྲེལ་དྲ་རྒྱ་དང་ཁ་འབྲལ་ཐབས་མེད་ལ།དྲ་རྒྱའི་བདེ་འཇགས་ནི་དེ་བས་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད།ད་ལོའི་ཟླ9པའི་ཚེས11ཉིན་ནས་ཚེས17ཉིན་བར་ནི2023ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་ཡིན་པ་དང་།ད་ལོའི་བརྗོད་བྱ་གཙོ་བོ་ནི“དྲ་རྒྱའི་བདེ་འཇགས་དམངས་ཀྱི་ཆེད།དྲ་རྒྱའི་བདེ་འཇགས་དམངས་ལ་བརྟེན”ཞེས་པ་དེ་རེད།...

    2023-09-13 09:40:00 མཚོ་སྔོན་པོ་དྲ་བ། 8142
  • ཟླ8པའི་ཚེས30ཉིན་གྱི་སྔ་དྲོར།མཚོ་ལྷོ་ཁུལ་གྱིས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་ཕྱོགས་སྡོམ་ཚོགས་འདུ་འཚོགས་པ་དང་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཚོགས་འདུར་མགོ་འཛིན་གནང་བ་རེད།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཅན་ཧུང་དང་ཁུལ་ཨུའི་རྒྱུན་ཨུ་སོ་སོ།ཆབ་ཆར་སྡོད་པའི་ཁུལ་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ།རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་མགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་རྫོང་སོ་སོའི་ཏང་ཨུའམ་ཡང་ན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ།རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གྲ་སྒྲིག་བྱ་བའི་ཁྲོད་རྣམ་འགྱུར་འབུར་ཐོན་ཡིན་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་བཅས་ཚོགས་འདུར་ཞུགས།...

    2023-09-05 17:00:55 མཚོ་སྔོན་པོ་དྲ་བ། 8049
  • སློབ་སྔོན་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་དེ་ཟླ8པའི་ཚེས28ཉིན་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་ཕུལ།འཆར་ཟིན་དེར་ཁྱོན་བསྡོམས་ལེའུ8དང་དོན་ཚན74ཡོད་པ་དང་།དེའི་ཁྲོད་དུ་སྤྱིའི་རྩ་དོན་དང་།འཆར་འགོད་དང་འཛུགས་སྤེལ།གསོ་སྐྱོང་དང་སློབ་གསོ།དགེ་རྒན་དང་ལས་དོན་མི་སྣ་གཞན་པ།དངུལ་འཇོག་དང་འགན་ལེན།དོ་དམ་དང་ལྟ་སྐུལ།ཁྲིམས་ལུགས་འགན་འཁྲི།ཞར་བྱུང་བཅས་ཚུད་ཡོད།...

    2023-08-31 09:38:39 མཚོ་སྔོན་པོ་དྲ་བ། 7955

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།