《མདོ་སྨད་རེབ་གོང་ཡུལ་གྱི་སྒྲུང་གི་རིག་གནས་ལ་དཔྱད་པ》ཞེས་པའི་དཔེ་དེབ་པར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:གེ་སར་རིག་གནས་འཕྲིན་སྟེགས། དུས་ཚོད།:2019-10-30 14:50:00 ཀློག་གྲངས།:


 《མདོ་སྨད་རེབ་གོང་ཡུལ་གྱི་སྒྲུང་གི་རིག་གནས་ལ་དཔྱད་པ》ཞེས་པའི་དཔེ་དེབ་པར་དུ་བསྐྲུན།

      《མདོ་སྨད་རེབ་གོང་ཡུལ་གྱི་སྒྲུང་གི་རིག་གནས་ལ་དཔྱད་པ》ཞེས་པའི་དཔེ་དེབ་འདི་རུ་རྩོམ་པ་པོས་ཡུལ་དངོས་རྟོག་ཞིབ་ཀྱི་ཐོག་མའི་རྒྱུ་ཆ་ལ་ཁུངས་བཅོལ་ཏེ། མདོ་སྨད་རེབ་གོང་ཡུལ་ལམ་དེང་ཐུན་རིན་རྫོང་གི་གེ་སར་སྒྲུང་དང་འབྲེལ་བའི་སྒྲུང་བ་དང་། ཤུལ་རྟེན་ངག་རྒྱུན། ལྷ་རིས་ཐང་ག རྣམ་ཐར་ཟློས་གར། དམངས་ཁྲོད་དད་མོས། རུས་རྒྱུད་ཚོ་བ། གེ་སར་ཞིབ་འཇུག་པ། ད་དུང་རེབ་གོང་ཡུལ་གྱི་སྒྲུང་གི་རིག་གནས་རྒྱུན་འཛིན་ལ་འཛོམས་པའི་ཐུན་མིན་གྱི་ཁྱད་ཆོས་དང་རིན་ཐང་། ད་ལྟའི་གནས་བབ་དང་མ་འོངས་པའི་འཕེལ་རྒྱས་སྐོར་རྒྱ་མཚོའི་དཀར་ཐིགས་སམ་མཛུབ་མོའི་ཕྱོགས་སྟོན་གྱི་ཚུལ་དུ་ཞིབ་རྒྱས་སུ་བཀོད་ཡོད་དོ། །

                གསེར་ལྡན་རྨ་ཀླུང་རིང་མོའི་ལྷོ་ཡི་ཆར། །

                གསེར་ལྗོངས་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས། །

                གངས་ཅན་རིག་བརྒྱའི་མཛོད་དུ་བསྔགས་པ་ཡི། །

                གེ་སར་རིག་པའི་ངོ་མཚར་འདི་རུ་གསལ། །

     རྩོམ་པ་པོ་བན་དེ་ལྷུན་འགྲུབ། མཚོ་སྔོན་རེབ་གོང་དུ་སྐྱེས། ད་ལྟ་གྲོང་ཁྱེར་ལན་ཇུ་རུ་དགེ་རྒན་གྱི་ལས་ཀ་གཉེར་ཞོར། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་འབུམ་རམས་པའི་བསླབ་གནས་ལ་བརྩོན་བཞིན་ཡོད། བརྩམས་ཆོས་ལ《གེ་སར་སྒྲུང་ལས་འཕྲོས་པའི་དམངས་ཁྲོད་རིག་གནས་ལ་དཔྱད་པ》དང་། 《བློ་གསལ་འཇུག་པའི་དོ་ར》སོགས་པར་སྐྲུན་མཛད་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།