《མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་རིག་གནས་ཀྱི་རྟོག་དཔྱད་ཞིབ་འཇུག》པར་དུ་བསྐྲུན།

རྩོམ་པ་པོ།:ལྷ་ཚེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-10-25 09:40:00 ཀློག་གྲངས།:


 《མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་རིག་གནས་ཀྱི་རྟོག་དཔྱད་ཞིབ་འཇུག》པར་དུ་བསྐྲུན་པ།

       བོད་ལྗོངས་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་དང་བོད་རིག་པའི་ཞིབ་འཇུག་ཁང་གི་འགོ་གཙོ་དམ་ཆོས་ཀྱིས་བརྩམས་པའི《མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་རིག་གནས་ཀྱི་རྟོག་དཔྱད་ཞིབ་འཇུག》ཅེས་པ་མི་རིགས་དཔེ་སྐྲུན་ཁང་གིས་ཉེ་ལམ་པར་བསྐྲུན་འགྲེམ་སྤེལ་གནང་།

       《མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་རིག་གནས་ཀྱི་རྟོག་དཔྱད་ཞིབ་འཇུག》ཅེས་པ་འདི་ནི་དགེ་རྒན་ཆེན་མོ་དམ་ཆོས་ཀྱིས་བོད་ལྗོངས་དང་བོད་ཁུལ་ཞིང་ཆེན་བཞི་ལ་གཏིང་ཟབ་སྒོས་རྟོག་དཔྱད་གཟིགས་ཞིབ་བྱས་རྗེས་ཀྱི་གྲུབ་འབྲས་ཤིག་ཡིན་ལ། ས་ཁུལ་འདི་དག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྟོག་དཔྱད་ཞིབ་འཇུག་བྱས་པའི་འབྲས་རྟགས་ཤིག་ཀྱང་ཡིན། དཔེ་དེབ་ཧྲིལ་བོར་སྐྱེ་ཁམས་ཀྱི་སྐོར་དང་། དཔལ་འབྱོར་གྱི་སྐོར། རིག་གནས་ཀྱི་སྐོར་བཅས་ཁག་གསུམ་དུ་དབྱེ་ཞིང་། བསྡོམས་པས་རྩོམ་རིག12བསྡུས་ཡོད་པ་དང་། འགའ་ཤས་ཤིག《ཀྲུང་གོའི་བོད་རིག་པ》དང《མི་རིགས་རིག་པའི་ཞིབ་འཇུག》《ཀྲུང་གོའི་མི་རིགས་རིག་པ》《མདོ་དབུས་མཐོ་སྒང་གི་གླེང་སྟེགས》《བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་རའི་ཚགས་པར》《ཨ་མདོ་ཞིབ་འཇུག》སོགས་རིག་གཞུང་དུས་དེབ་ཏུ་བཀོད་ཡོད།

      བོད་ལྗོངས་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་དམ་ཆོས་ཀྱིས་ཉེ་བའི་ལོ་འགའི་ནང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སྤྱི་ཚོགས་ཚན་རིག་ཐེབས་རྩ། དེ་མིན་ཞིང་ཆེན་རིམ་པའི་ཚན་ཞིབ་ལས་གཞི་གང་མང་གི་འགན་ཁུར་ཏེ། སྔ་གཞུག་ཏུ་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ་སོགས་ས་ཁུལ་དུ་རྟོག་ཞིབ་བྱས་ཏེ། རྟོག་དཔྱད་སྙན་ཞུ10ལྷག་བྲིས་པ་དང་། དེ་ལས་འགའ་ཤས་ཤིག་ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཀན་སུའུ་ཞིང་ཆེན་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གི་གདེང་འཇོག་ཆེན་པོ་ཐོབ་སྟེ། ཕུལ་བྱུང་ཚན་ཞིབ་གྲུབ་འབྲས་ཀྱི་བྱ་དགའ་ཐོབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།