ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་རྒྱའི་སྐད་ཡིག་དཔེ་ཀློག་མྱོང་ཚོར་འགྲན་སྡུར་བྱ་འགུལ་སྤེལ།
དགུན་ཟླ་བཅུ་བ་ནི་འབྲས་བུ་བལྟམས་པའི་དུས་ཚིགས་ཤིག་རེད། དགུན་ཟླ་བཅུ་བ་ནི་གསེར་འོད་འཕྲོ་བའི་དུས་བཟང་ཞིག་རེད། ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བརྩོན་འགྲུས་གླིང་གིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཕྲེང་བསྟར་བྱ་འགུལ་ཏེ། རྒྱའི་སྐད་ཡིག་དཔེ་ཀློག་མྱོང་ཚོར་འགྲན་སྡུར་བྱ་འགུལ་སློབ་གྲྭའི་སྐས་རིམ་ཚོམས་ཆེན་དུ་བསྡུས།
སློབ་འབྲིང་སློབ་མ་ཚོའི་ལྟ་རྒྱ་ཐོས་རྒྱ་ཆེ་རུ་བསྐྱེད་པ་དང་། སློབ་མ་ཚོས་རང་རྟོགས་སྒོས་དཔེ་ཆ་ཀློག་པར་བག་ཆགས་བཟང་བོ་ཞིག་བསྐྲུན་པ། ཤེས་བྱ་གསོག་འཇོག་དང་ཕྱོགས་བསྡུས་ནུས་སྟོབས་ཆེ་རུ་བསྐྱེད་ཆེད། ཚེས་བཅུ་བདུན་གྱི་དགོང་མོའི་དུས་ཚོད་བེད་སྤྱད་དེ་དཔེ་ཆ་མང་པོ་ཀློག དཔེ་དེབ་ལེགས་པོ་ཀློག་ཅེས་པ་བརྗོད་གཞི་ཡིན་པའི་དཔེ་ཀློག་མྱོང་བཤད་འགྲན་སྡུར་ཞིག་སྤེལ། སློབ་མ་སོ་སོའི་དགའ་མོས་ལྟར་དུ་ཟླ་ངོ་གཅིག་གི་རིང་ལ་ནང་དོན་སྣ་ཚོགས་པའི་དཔེ་ཆ་ལྟ་ཀློག་བྱས་ཤིང་། རྒྱ་ཡིག་དགེ་རྒན་རྣམ་པས་དཔེ་ཀློག་མྱོང་ཚོར་འགྲན་སྡུར་སྐོར་གྱི་ཤེས་བྱ་མཛུབ་ཁྲིད་དང་སྦྱང་བ་གང་ལེགས་བྱས་ཏེ་ལོ་རིམ་ཡོངས་ཀྱི་འཛིན་གྲྭ་རེ་ནས་སློབ་མ་གཉིས་རེ་འགྲན་སྡུར་དུ་ཞུགས།
དུས་ཚོད་གཉིས་ལྷག་གི་བྱ་འགུལ་གྱི་གོ་རིམ་ཁྲོད་དུ་འགྲན་ཞུགས་པ་བཅོ་ལྔ་ལྷག་གིས་ལུས་སུ་བོད་ལྭ་གྲལ་དག་གྱོན་པ་དང་རྒྱ་སྐད་སྤྱི་སྐད་ཀྱི་ལམ་ནས་དེར་འདུས་ལྟད་མོ་བ་ལྔ་བརྒྱ་ལྷག་ལ་རང་རང་གི་འཇོན་ནུས་ངོམ་སྟེ་རང་གི་མྱོང་བ་ཀུན་གྱི་མིག་གི་དགའ་ཚལ་དང་སྙན་གྱི་བུ་རམ་དུ་ལོངས་སྤྱོད་བགྱིས། འགྲན་སྡུར་གྱི་མགོ་མཇུག་བར་གསུམ་བདེ་བླག་དང་འདྲ་མཉམ། དྲང་བདེན་ཞིག་ཡོང་ཆེད་སློབ་གྲྭའི་ཆེད་ལས་ཅན་གྱི་རྒྱའི་སྐད་ཡིག་དཔྱད་འདེམ་པ་གདན་འདྲེན་ཞུས་ཏེ་དག་ཆ་དང་ནང་དོན། སྤོབས་པ་སོགས་ལ་ཚད་ལྡན་གྱི་སྐར་མ་བརྒྱབ། འགྲན་ཞུགས་པ་སོ་སོའི་ནང་དོན་ཐ་དད་པ་དང་། མྱོང་བཤད་ཀྱི་རྣམ་པ་ཐ་དད་པས་ཚོགས་ཞུགས་པ་ཡོངས་ཀྱི་དང་བ་དྲངས་པ་མ་ཟད། དཔེ་དེབ་རེ་རེ་བཀླགས་པས་རང་ཉིད་འཇིག་རྟེན་གྱི་མཐོ་སར་འགྲེང་ཆོག་ལ། འཛམ་གླིང་གི་ཁྱད་འཕགས་རིག་གནས་སྣ་མང་ཅི་འདོད་ལོངས་སུ་སྤྱད་ཆོག་པའི་དགེ་མཚན་དང་བསམ་གྱིས་མི་ཁྱབ་པའི་ཕན་ཡོན་བསྒྲགས།
མཇུག་མཐར་སློབ་བུ་ཀུན་ལ་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་རྒྱ་ཡིག་དགེ་རྒན་གྱིས་ཀྱང་སློབ་གྲྭའི་འཚོ་བའི་ཁྲོད་ནས་དཔེ་དེབ་ཀློག་པའི་མྱོང་ཚོར་བཤད་ཅིང་། དཔྱད་འདེམ་པ་འཐུས་ཚབ་ཀྱིས་རེབ་འདིའི་བྱ་འགུལ་གྱི་དགེ་སྐྱོན་ཞིབ་ཕྲའི་ངང་གསལ་བརྗོད་བྱས་ཏེ་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་སློབ་བུ་རྣམས་ལ་སློབ་སྦྱོང་མཁོ་ཆས་དང་གཟི་བརྗིད་དཔང་ཡིག་གནང་སྟེ་སྐུལ་མ་དང་རྗེས་ཕྱོགས་མུ་མཐུད་དུ་དཔེ་ཆར་ལྟ་ཀློག་བྱེད་པར་ནན་སྐུལ་ཡང་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com