《བོད་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་བོད་སོག་མན་ཇུ་ཡིག་རིགས་སོགས་ཀྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག》བཀྲམ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2019-10-24 08:56:00 ཀློག་གྲངས།:


《བོད་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་བོད་སོག་མན་ཇུ་ཡིག་རིགས་སོགས་ཀྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག》།

      ཟླ10པའི་ཚེས22ཉིན། 《བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་བོད་སོག་མན་ཇུ་ཡིག་རིགས་སོགས་ཀྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག》ཅེས་པའི་དཔེ་དེབ་འགྲེམ་སྤེལ་མཛད་སྒོ་ལྷ་ས་ནས་བསྡུས།

      རྒྱུས་ལོན་པ་ལྟར་ན། ལོ་ངོ5རིང་ལ་རྩོམ་སྒྲིག་དང་ཞིབ་འཇུག་བགྱིས་ནས་པར་སྐྲུན་བྱས་པའི་དེབ་ཕྲེང་འདིའི་ནང་། ཡོན་རྒྱལ་རབས་ནས་བཟུང་སོག་ཡིག་དང་མན་ཇུ་རིགས་ཀྱི་ཡིག་ཚགས་རྩ་ཆེན་སྟོང་ཕྲག་ལྷག་ཁྱབ་སྒྲོག་བྱས་ཤིང་། གཙོ་བོ་ཆིང་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་དང་བོད་ལྗོངས་ས་གནས་སྲིད་གཞུང་གཉིས་ཀྱི་འབྲེལ་བ། དེ་མིན་ཆིང་རྒྱལ་རབས་སྐབས་ཀྱི་བོད་དང་སོག་པོ། མན་ཇུ་སོགས་མི་རིགས་ཁག་བར་གྱི་ཕན་ཚུན་འགྲོ་འོང་དང་མཉམ་འབྲེལ་བརྗེ་རེས་ཀྱི་ལོ་རྒྱུས་མཚོན་པར་བྱས་ཡོད།

      2014ལོར། རྒྱལ་ཁབ་ཡིག་ཚགས་ཁང་གི་རྒྱབ་སྐྱོར་འོག བོད་རང་སྐྱོང་ལྗོངས་ཀྱི་ཆེད་མཁས་པ་རྩ་འཛུགས་དང་གདན་ཞུ་བྱས་ཏེ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ལོ་ངོ་བརྒྱ་ཕྲག་དུ་མར་ཉར་ཚགས་བྱས་པའི་སོག་པོ་དང་མན་ཇུ་རིགས་ཀྱི་ལོ་རྒྱུས་ཡིག་ཚགས་གཅིག་བསྡུས་སྒོས་ལེགས་སྒྲིག་དང་ཉམས་གསོ། པར་འདེབས། ཡིག་སྒྱུར་སོགས་བྱས་མཐར《བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་བོད་སོག་མན་ཇུ་ཡིག་རིགས་སོགས་ཀྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག》ཅེས་པའི་ཁྱོན་བསྡོམས་པོད12ཅན་གྱི་དེབ་འདི་པར་སྐྲུན་འགྲེམ་སྤེལ་བྱེད་ཐུབ་པ་བྱུང་།

      རྒྱུས་ལོན་པ་ལྟར་ན། དེབ་ཕྲེང་འདིའི་ནང་ཁྱོན་བསྡོམས་ཡིག་ཚགས1394བཀོད་ཡོད་ལ། དེའི་ཁྲོད་སྤྱི་ལོ1324ནས1928ལོའི་བར་གྱི་ཡོན་རྒྱལ་རབས་སྐབས་ཀྱི་གོང་མའི་བཀའ་ཡིག་དང་ཆིང་རྒྱལ་རབས་སྐབས་ཀྱི་གོང་མའི་བཀའ་ཡིག ཆིང་རྒྱལ་རབས་ཀྱི་འབྲེལ་ཡོད་ལས་ཁུངས་དང་དཔོན་རིགས་ཀྱི་ཡིག་ཆ། བོད་བཞུགས་ཨམ་བན་གྱི་ཡིག་ཆ། ཏཱ་ལའི་བླ་མ་དང་བོད་ས་གནས་དཔོན་གྱི་ཡིག་ཆ། མན་ཇུ་དང་སོག་པོའི་སྐུ་དྲག བོད་ས་གནས་ཀྱི་སེར་སྐྱ་ཕོ་མོའི་འགོ་གཙོ་སོགས་ཀྱི་ཡིག་ཆ་བཀོད་ཡོད་པས། ལོ་རྒྱུས་དང་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེ་བའི་དེབ་ཕྲེང་ཞིག་ཡིན་པར་བཤད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།