ཡོངས་འཛིན་གྱིས་སྐབས་སྒྲུབ་ལས་མི་བསྡུ་བའི་སྤྱི་བསྒྲགས།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་ཡོངས་འཛིན་འཚོལ་བཤེར་མ་ལག་གི་བོད་ཡིག་གྲངས་མཛོད་ཀྱི་སྐབས་སྒྲུབ་རྩོམ་སྒྲིག་པ་བསྡུ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་བྱ་བའི་དགོས་མཁོར་དམིགས་ཏེ། ཞིང་ཆེན་ཡོངས་ལ་ཁ་གཏད་ནས་ཡོངས་འཛིན་འཚོལ་བཤེར་མ་ལག་གི་བོད་ཡིག་གྲངས་མཛོད་ཀྱི་སྐབས་སྒྲུབ་རྩོམ་སྒྲིག་པ་མི་25བསྡུ་འཆར་ཡོད་ལ། ཡོངས་བསྒྲགས་དང་དྲང་བདེན། དྲང་གཞག་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ་ལས་མི་བསྡུ་རྒྱུ་ཡིན་པ་དང་། འབྲེལ་ཡོད་ཀྱི་གནས་ཚུལ་གཤམ་གསལ་ལྟར།
གཅིག རྒྱུགས་ཞུགས་མི་སྣའི་ཐོབ་ཐང་དང་ཆ་རྐྱེན།
(གཅིག)ཆབ་སྲིད་ཀྱི་བྱང་ཚད་དང་བྱ་བའི་སྤྱོད་སྟངས། ལས་རིགས་ཀྱི་ཀུན་སྤྱོད་སོགས་ལེགས་པོ་ཡིན་དགོས།
(གཉིས།)རྩ་འཛུགས་ཀྱི་བཀོད་སྒྲིག་དང་དུ་ལེན་ཞིང་། སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་དང་། བྱ་བའི་ལས་འགན་ནན་ཏན་གྱིས་སྒྲུབ་ཐུབ་དགོས།
(གསུམ།)བོད་སྐད་ཡིག་རྩོམ་རིག་དང་རྒྱ་བོད་ལོ་ཙཱའི་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན་དགོས།
(བཞི།)ལས་སྒྲུབ་ཀྱི་ནུས་པ་ཅུང་ཆེན་པོ་ལྡན་དགོས་པ་མ་ཟད། རྩིས་འཁོར་གྱི་རྒྱུན་སྤྱོད་གཞུང་སྒྲུབ་མཉེན་ཆས་བཀོལ་སྤྱོད་བྱེད་པར་བྱང་ཆ་ལྡན་དགོས།
(ལྔ།)ལོ35མན(1983ལོའི་ཟླ12པའི་ཚེས31ཉིན་གྱི་རྗེས་སུ་སྐྱེས་པ། )དང་གཟུགས་པོ་བདེ་ཐང་ཡིན་དགོས།
གཉིས། རྒྱུགས་ཞུགས་ཀྱི་གོ་རིམ་དང་བྱེད་ཐབས།
(གཅིག)མིང་ཐོ་འགོད་པའི་དུས་ཚོད། 2019ལོའི་ཟླ10པའི་ཚེས10ཉིན་ནས་2019ལོའི་ཟླ10པའི་ཚེས15ཉིན་བར།
(གཉིས།)རྒྱུགས་ཞུགས་ཀྱི་བླང་བྱ། རྒྱུགས་ཞུགས་མི་སྣས་རང་ཉིད་ཀྱི་གནས་ཚུལ་རགས་བསྡུས་དང་། མཐར་ཕྱིན་འཛིན་ཡིག ཐོབ་ཐང་ལག་འཁྱེར་ཀྱི་མ་ཡིག་དང་དཔར་ཡིག་བཅས་ཁྱེར་ཏེ་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་ཕེབས་ནས་མིང་ཐོ་འགོད་དགོས།
(གསུམ།)རྒྱུགས་ལེན་སྟངས། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱུགས་ཞུགས་མི་སྣར་ཡིག་རྒྱུགས་དང་ཁ་རྒྱུགས་ཟུང་འབྲེལ་གྱི་རྣམ་པས་ཆེད་ལས་ཤེས་བྱ་དང་ལས་སྒྲུབ་ཀྱི་ནུས་པར་དཔྱད་ཞིབ་བྱེད་རྒྱུ་དང་། དེའི་ཁྲོད་ཀྱི་ལེགས་ཤོས་རྣམས་བདམས་ཏེ་ལས་མིར་བསྡུ་རྒྱུ་ཡིན།
གསུམ། འདྲེན་བཀོལ་བྱེད་སྟངས་དང་འབྲེལ་ཡོད་ཀྱི་གླ་ཕོགས།
(གཅིག) རྒྱུགས་ཞུགས་མི་སྣས་ཡིག་རྒྱུགས་དང་ཁ་རྒྱུགས་འཕྲོད་རྗེས་འབྲེལ་ཡོད་ཀྱི་སྲིད་ཇུས་གཏན་འབེབས་ལྟར་འདྲེན་བཀོལ་གན་རྒྱ་འཇོག་དགོས། འདྲེན་བཀོལ་གན་རྒྱའི་དུས་ཡུན་ཉུང་མཐར་ཡང་ལོ་གཅིག་ཡིན་དགོས་ལ། དེའི་ཁྲོད་ཚོད་ལྟའི་དུས་ཡུན་ཟླ་གཅིག་ཡིན། ཚོད་ལྟའི་དུས་ཡུན་ནང་ལས་སྒྲུབ་ཀྱི་ནུས་པ་ཞན་ན་གན་རྒྱ་ཕྱིར་འཐེན་བྱ་རྒྱུ་དང་། བྱ་བ་ལེགས་འགྲུབ་ཀྱི་གནས་ཚུལ་དང་མི་སྒེར་གྱི་སྤྱོད་སྟངས་བཟང་ན་མུ་མཐུད་དུ་འདྲེན་བཀོལ་གན་རྒྱ་བཞག་ཆོག
(གཉིས) ལས་ཚུད་མི་སྣའི་ཟླ་ཕོགས་ནི་རྩ་བའི་ཕོགས་ཐོབ་ཀྱི་ཁར་ལས་ཕྱོད་ཀྱི་ཕོགས་ཐོབ་བསྣན་ཏེ་སྟེར་རྒྱུ་དང་། དེའི་ནང་རྒན་གསོའི་ཉེན་སྐྱོབ་དང་སྨན་བཅོས་ཉེན་སྐྱོབ། ལས་ཤོར་ཉེན་སྐྱོབ་བཅས་འདུ་ལ། ཚོད་ལྟའི་དུས་ཡུན་ནང་ཟླ་ཕོགས་ཕྱེད་ཀ་གཅོག་རྒྱུ་དང་། མལ་ཁང་དང་ཟ་མ་སོགས་རང་ཉིད་ནས་འགན་འཁུར་དགོས།
བཞི། འབྲེལ་གཏུག་བྱ་ཡུལ།
འབྲེལ་གཏུག་མི་སྣ། དབང་རྒྱལ་ཚེ་རིང་།
ཁ་པར་ཨང་གྲངས།13119740857
ལས་ཁུངས་ཀྱི་སྡོད་གནས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མཁར་བྱང་གཞིས་གསར་གྱི་རིག་གནས་སྨྱན་སྦྱོར་ལྟེ་གནས་ཀྱི་སུམ་ཐོག
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས།
2019ལོའི་ཟླ9པའི་ཚེས24ཉིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com