མི་རིགས་སྐད་ཡིག་གི་ཕུལ་བྱུང་ཡིག་སྒྱུར་བརྩམས་ཆོས་འགྲེམས་སྟོན་མཚོ་ནུབ་ཁུལ་ནས་འགོ་ཚུགས་པ།
སྤྱི་ཟླ8པའི་ཚེས1ཉིན། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་མི་རིགས་སྐད་ཡིག་གི་ཕུལ་བྱུང་ཡིག་སྒྱུར་བརྩམས་ཆོས་འགྲེམས་སྟོན”གཏེར་ལེན་ཁ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།
ཐེངས་འདིའི་འགྲེམས་སྟོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཇེ་བརྟན་དུ་གཏང་རྒྱུ་གཙོ་རྐང་དུ་བྱས་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་ཚད་ལྡན་ཡིག་ཆ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་རིག་གནས། ཚན་རིག་ལག་རྩལ། ལག་ཆའི་ཚིག་མཛོད་སོགས་ཡིག་སྒྱུར་ཐད་ཐོབ་པའི་གྲུབ་འབྲས་གཙོ་བོ་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།
འགྲེམས་སྟོན་ནང་སོག་རིགས་དང་བོད་རིགས། ཡུ་གུར་རིགས། ཧ་སག་རིགས། ཁྲའོ་ཞན་རིགས། དབྱིས་རིགས། ཀྲོང་རིགས་སོགས་སྐད་རིགས7གྱི་དཔེ་དེབ་སྣ་ཁ་ཆིག་སྟོང་ཙམ་ཡོད་པ་རེད། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡིས་ལོ་ཙཱ་བྱས་པའི་ཏང་དང་རྒྱལ་ཁབ་ཀྱི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཚད་ལྡན་ཡིག་ཆ་གལ་ཆེན་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་འགྲེམས་སྟོན་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། ལྷག་པར་དུ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་གཉིས་པའི་སོག་རིགས་དང་བོད་རིགས། ཡུ་གུར་རིགས། ཧ་སག་རིགས། ཁྲའོ་ཞན་བཅས་གྲངས་ཉུང་མི་རིགས5ཡི་ཡི་གེའི་པར་གཞི་དེ“མི་རིགས་སྐད་ཡིག་ཡིག་སྒྱུར་གྱི་ཆུ་ཚད་མཐོ་ཤོས་མཚོན་ཡོད”ཅེས་པ་དང“གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཡིག་སྒྱུར་དཔེ་སྐྲུན་གྱི་ལམ་ཚད་རྡོ་རིང་གསར་པ་ཞིག་ཡིན་པའི”ངོས་འཛིན་བྱས་ཡོད།
འགྲེམས་སྟོན་ཐོག་རྒྱལ་ནང་གི་མི་རིགས་བསྟན་བཅོས་ཡིག་སྒྱུར་གྱི་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་རྒན་གྲས་ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་གྱིས་ཡིག་སྒྱུར་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དཔེ་ཚོགས་ཀྱིས་ལྷག་པར་དུ་མི་རྣམས་ཀྱི་མིག་དབང་འཕྲོག 《སློབ་ཆེན》དང་། 《གསུང་རབ》《མེང་ཙི》《ཐང་གི་སྙན་ངག་སུམ་བརྒྱ》 《ཐང་སུང་གི་མཁས་ཆེན་བརྒྱད་ཀྱི་བདམས་སྒྱུར 》སོགས་ཀྲུང་ཧྭའི་གསུང་རབ་སྲོལ་རྒྱུན་རིག་གནས་བོད་ཡིག་སྒྱུར་རྩོམ20ལ་བོད་རིགས་ས་ཁུལ་དུ་དགའ་བསུ་ཆེན་པོ་ཐེབས་ཀྱིན་ཡོད་ལ། མི་རིགས་ཀྱི་རིག་གནས་བརྗེ་རེས་དང་མཉམ་འདྲེས་ཇེ་ཟབ་ཏུ་གཏང་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com