རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་བཅོ་བརྒྱད་པ་བསྡུས་པ།
རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་བསྡུས།
སྤྱི་ཟླ8པའི་ཚེས1ཉིན། རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་བཅོ་བརྒྱད་པ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནས་བསྡུས། ཐེངས་འདིའི་གྲོས་ཚོགས་སྟེང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས14ནས་ཐོན་པའི་ཆེད་མཁས་པ་ཚོས་མཉམ་དུ་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་འཕེལ་རྒྱས་ཐད་ལ་གྲོས་གཞི་དང་བསམ་འཆར་བཏོན་པ་རེད། གྲོས་ཚོགས་སྟེང་། ཆེད་མཁས་པ་ཚོས“ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་ཚུན་གྱི་མི་རིགས་སྐད་ཡིག་ལོ་ཙཱ་ཞིབ་འཇུག་ཐད་ཀྱི་གྲུབ་འབྲས་དང་ཉམས་མྱོང”ཞེས་པ་བརྗོད་གཞིར་བཟུང་སྟེ། ཆབ་སྲིད་ཡིག་ཆའི་མི་རིགས་སྐད་ཡིག་ལོ་ཙཱ་དང་རྒྱུད་སྒྲོག མི་རིགས་བསྟན་བཅོས་ཀྱི་ལོ་ཙཱ་དང་རྒྱུད་སྒྲོག མི་རིགས་སྐད་ཡིག་ལོ་ཙཱའི་ལོ་རྒྱུས། བརྡ་ཆད་གསར་པའི་ལོ་ཙཱ། ལོ་ཙཱ་འཇོན་མི་གསོ་སྐྱོང་སོགས་ཀྱི་ཐད་ནས་གྲོས་ཞིབ་གནང་བ་རེད།
ཀྲུང་གོའི་ལོ་ཙཱ་བའི་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཨ་ལེ་མུའུ་ཧྲ་པའེ་ཐེའུ་ཡིས་གཏམ་བཤད་གནང་བཞིན་པའི་ཚུལ།
ཚོགས་མི་ཡོངས།
ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཏང་ཨུའི་ཧྲུའུ་ཅི་ལན་ཀྲི་ཆིས་ཀྱིས་བསྟན་དོན། མི་རིགས་སྐད་ཡིག་ཡིག་སྒྱུར་བྱ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན་བྱེད་པ་དེ་ལོ་ཙཱའི་བྱ་བ་ཡོངས་ཀྱི་ཁྲོད་གཙོར་འཛིན་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་ཀུན་དུ་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་འཛུགས་སྐྲུན་དང་རྒྱལ་ཁབ་འཐབ་ཇུས་ལག་བསྟར་གྱི་རོགས་འདེགས་མཁན་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ལ་བརྟེན་ནས་ཡིག་སྒྱུར་ཞིབ་འཇུག་དང་ཡིག་སྒྱུར་ལག་ལེན་ལ་མཛུབ་སྟོན་བྱེད་པར་རྒྱུན་འཁྱོངས་བྱ་དགོས་ཞེས་བསྟན་པ་རེད།
དེ་མིན་ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སྲིད་ཇུས་བློ་འདོན་ཟུར་པ། ལོ་ཙཱ་བ་གྲགས་ཅན་མགོ་ལོག་རྣམ་རྒྱལ་དང་ཐེན་ཅིན་བཟོ་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། ལོ་ཙཱའི་ཆེད་མཁས་པ་ཝང་ཀྲི་ཀའོ། ཡོངས་འཛིན་འཚོལ་བཤེར་དྲ་ཚིགས་ཀྱི་ལག་རྩལ་ཆེད་མཁས་པ་དཀོན་མཆོག་རྡོ་རྗེ་བཅས་ཀྱིས་མི་རིགས་སྐད་ཡིག་གི་ལོ་ཙཱ་དང་དུས་རབས་གསར་བའི་ཆ་འཕྲིན་ལག་རྩལ་སྐོར་གྱི་འཆད་ཁྲིད་ཀྱང་གནང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com