2019ལོའི་མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་སྐར་གྲངས་ཚད་ཐིག་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2019-06-25 15:19:00 ཀློག་གྲངས།:
     སྤྱི་ཟླ6པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་སློབ་བསྡུ་ལས་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བྱས་པ་བརྒྱུད། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་སྐར་གྲངས་ཚད་གཞི་ཁྱབ་བསྒྲགས་བྱས་པ་རེད། 

1.རིག་ཚན་གྱི་སྐོར།

     སྐོར་དང་པོའི་དངོས་གཞིའི་སྐར་གྲངས་ཚད་ཐིག་ནི། འཛིན་གྲྭ་དཀྱུས་མའི་སྐར་གྲངས488། དབུལ་ཕོངས་ས་ཁུལ་ལ་དམིགས་པའི་གནས་ངེས་སློབ་བསྡུའི་ཆེད་དམིགས་འཆར་གཞིའི་སྐར་གྲངས478། ཞིང་ཆེན་ཕྱིའི་སློབ་གླིང་གི་མི་རིགས་འཛིན་གྲྭ་དང་མི་རིགས་གྲ་སྒྲིག་འཛིན་གྲྭའི་སྐར་གྲངས478། ཞིང་ཆེན་ནང་ཁུལ་གྱི་ཆེད་དམིགས་སྐར་གྲངས463། 

     སྐོར་གཉིས་པའི་དངོས་གཞིའི་སྐར་གྲངས་ཚད་ཐིག་ནི།  འཛིན་གྲྭ་དཀྱུས་མའི་སྐར་གྲངས444། དབུལ་ཕོངས་ས་ཁུལ་ལ་དམིགས་པའི་གནས་ངེས་སློབ་བསྡུའི་ཆེད་དམིགས་འཆར་གཞིའི་སྐར་གྲངས434། ཞིང་ཆེན་ཕྱིའི་སློབ་གླིང་གི་མི་རིགས་འཛིན་གྲྭ་དང་མི་རིགས་གྲ་སྒྲིག་འཛིན་གྲྭའི་སྐར་གྲངས434། ཞིང་ཆེན་ནང་ཁུལ་གྱི་ཆེད་དམིགས་སྐར་གྲངས429། 

     ཞིང་ཆེན་ནང་ཁུལ་སློབ་གླིང་གི་དངོས་གཞིའི་མི་རིགས་གྲ་སྒྲིག་འཛིན་གྲྭའི་སྐར་གྲངས424།

     སྐོར་གསུམ་པའི་དངོས་གཞིའི་སྐར་གྲངས་ཚད་ཐིག་ནི། འཛིན་གྲྭ་དཀྱུས་མའི་སྐར་གྲངས405། 

     ཆེད་སྦྱོང་ཚན་ཁག་དཀྱུས་མའི་སྐར་གྲངས160།

2.རྩིས་ཚན་གྱི་སྐོར།

     སྐོར་དང་པོའི་དངོས་གཞིའི་སྐར་གྲངས་ཚད་ཐིག་ནི། འཛིན་གྲྭ་དཀྱུས་མའི་སྐར་གྲངས407། དབུལ་ཕོངས་ས་ཁུལ་ལ་དམིགས་པའི་གནས་ངེས་སློབ་བསྡུའི་ཆེད་དམིགས་འཆར་གཞིའི་སྐར་གྲངས397། ཞིང་ཆེན་ཕྱིའི་སློབ་གླིང་གི་མི་རིགས་འཛིན་གྲྭ་དང་མི་རིགས་གྲ་སྒྲིག་འཛིན་གྲྭའི་སྐར་གྲངས397། ཞིང་ཆེན་ནང་ཁུལ་གྱི་ཆེད་དམིགས་སྐར་གྲངས382། 

     སྐོར་གཉིས་པའི་དངོས་གཞིའི་སྐར་གྲངས་ཚད་ཐིག་ནི། འཛིན་གྲྭ་དཀྱུས་མའི་སྐར་གྲངས376། དབུལ་ཕོངས་ས་ཁུལ་ལ་དམིགས་པའི་གནས་ངེས་སློབ་བསྡུའི་ཆེད་དམིགས་འཆར་གཞིའི་སྐར་གྲངས366། ཞིང་ཆེན་ཕྱིའི་སློབ་གླིང་གི་མི་རིགས་འཛིན་གྲྭ་དང་མི་རིགས་གྲ་སྒྲིག་འཛིན་གྲྭའི་སྐར་གྲངས366། ཞིང་ཆེན་ནང་ཁུལ་གྱི་ཆེད་དམིགས་སྐར་གྲངས361། 

     ཞིང་ཆེན་ནང་ཁུལ་སློབ་གླིང་གི་དངོས་གཞིའི་མི་རིགས་གྲ་སྒྲིག་འཛིན་གྲྭའི་སྐར་གྲངས356།

     སྐོར་གསུམ་པའི་དངོས་གཞིའི་སྐར་གྲངས་ཚད་ཐིག་ནི། འཛིན་གྲྭ་དཀྱུས་མའི་སྐར་གྲངས348། 

     ཆེད་སྦྱོང་ཚན་ཁག་དཀྱུས་མའི་སྐར་གྲངས160།

3.བོད་རྒྱ་སྐད་གཉིས་ཀྱི་སྐོར།

     བོད་རྒྱ་སྐད་གཉིས་ཀྱི་རིག་ཚན་གྱི་སྐར་གྲངས་ཚད་ཐིག་ནི། དངོས་གཞིའི་སྐར་གྲངས470། ཞིང་ཆེན་ནང་ཁུལ་སློབ་གླིང་གི་དངོས་གཞིའི་གྲ་སྒྲིག་འཛིན་གྲྭའི་སྐར་གྲངས460། ཆེད་སྦྱོང་ཚན་ཁག་གི་སྐར་གྲངས448། 

     བོད་རྒྱ་སྐད་གཉིས་ཀྱི་རྩིས་ཚན་གྱི་སྐར་གྲངས་ཚད་ཐིག་ནི། དངོས་གཞིའི་སྐར་གྲངས400། ཞིང་ཆེན་ནང་ཁུལ་སློབ་གླིང་གི་དངོས་གཞིའི་གྲ་སྒྲིག་འཛིན་གྲྭའི་སྐར་གྲངས377། ཆེད་སྦྱོང་ཚན་ཁག་གི་སྐར་གྲངས370། 

4. སོག་ཡིག་གི་སྐོར།

     རིག་ཚན་གྱི་དངོས་གཞིའི་སྐར་གྲངས288། རྩིས་ཚན་གྱི་དངོས་གཞི་དང་ཆེད་སྦྱོང་སྐར་གྲངས232། 

5.ལུས་རྩལ་ཚན་ཁག་གི་སྐོར།

     རིག་ཚན་གྱི་སྐར་གྲངས་ཚད་ཐིག་ནི། དངོས་གཞིའི་སྐར་གྲངས400། ཆེད་སྦྱོང་ཚན་ཁག་གི་སྐར་གྲངས160། 

     རྩིས་ཚན་གྱི་སྐར་གྲངས་ཚད་ཐིག་ནི། འཛིན་གྲྭ་དཀྱུས་མ་དང་མི་རིགས་འཛིན་གྲྭའི་དངོས་གཞིའི་སྐར་གྲངས328། སོག་ཡིག་གི་དངོས་གཞིའི་སྐར་གྲངས253། ཆེད་སྦྱོང་ཚན་ཁག་དཀྱུས་མའི་སྐར་གྲངས160།

6.སྒྱུ་རྩལ་གྱི་སྐོར།

མཛེས་རྩལ། 

     རིག་ཚན་གྱི་དངོས་གཞིའི་སྐར་གྲངས532། ཆེད་སྦྱོང་ཚན་ཁག་གི་སྐར་གྲངས400།

     རྩིས་ཚན་གྱི་དངོས་གཞིའི་སྐར་གྲངས450། ཆེད་སྦྱོང་ཚན་ཁག་གི་སྐར་གྲངས410།

མི་རིགས་ལག་ཤེས་མཛེས་རྩལ།

     རིག་ཚན་གྱི་དངོས་གཞིའི་སྐར་གྲངས(བོད་ཡིག་འདུས)555། ཆེད་སྦྱོང(བོད་ཡིག་འདུས)སྐར་གྲངས530།

     རྩིས་ཚན་གྱི(བོད་ཡིག་འདུས)དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གི་སྐར་གྲངས482།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།