མཚོ་སྔོན་གྱི་སློབ་གྲྭ་ཆེན་མོས་ཆེད་ལས་འདི་དག་མེད་པར་བཟོས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2019-04-02 10:32:00 ཀློག་གྲངས།:
     ཉེ་སྔོན། སློབ་གསོ་པུའུ་ཡིས2018ལོའི་མཐོ་རིམ་སློབ་གྲྭ་ཆེན་མོ་ཕལ་བའི་དངོས་གཞི་ཆེད་ལས་ཀྱི་སྙན་སེང་ཡིག་ཚགས་དང་དཔྱད་ཞིབ་ཆོག་འཐུས་བཀོད་པའི་མཇུག་འབྲས་ཁྱབ་སྒྲོག་བྱས་པ་ལྟར་ན། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་སྙན་ཞུའི་དངོས་གཞིའི་ཆེད་ལས1དང་དཔྱད་ཞིབ་ཆོག་འཐུས་བཀོད་པའི་དངོས་གཞིའི་ཆེད་ལས1གསར་དུ་བསྣན་ཡོད་ལ། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱིས་དངོས་གཞིའི་ཆེད་ལས6མེད་པར་བཟོས་པ་རེད།

     སློབ་གསོ་པུའུ་ཡིས་ས་ཁུལ་སོ་སོའི་མཐོ་རིམ་སློབ་གྲྭ་ཆེན་མོ་དག་གིས་ཆེད་ལས་གསར་འཛུགས་ལ་ཤུགས་སྣོན་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་མཛུབ་སྟོན་དུ་བཟུང་སྟེ། སློབ་བསྡུའི་གཞི་རྒྱ་ལུགས་མཐུན་སྒོས་ཚོད་འཛིན་དང་འཇོན་མིའི་གསོ་སྐྱོང་ལས་ཁུངས་ལེགས་སྒྲིག་བྱ་དགོས་པའི་བླང་བྱ་བཏོན་ཞིང་། དངོས་གཞི་ཆེད་ལས་རིགས་ཀྱི་སློབ་ཁྲིད་སྤུས་ཚད་རྒྱལ་ཁབ་ཀྱི་ཚད་གཞི་ལྟར། ཆེད་ལས་ཀྱི་ནང་དོན་མུ་མཐུད་དུ་ཇེ་བཟང་དང་ཆེད་ལས་ཀྱི་ཁྱད་ཆོས་འབུར་ཐོན་བཟོ་བ། ཆེད་ལས་ཀྱི་བདེན་དཔང་ར་སྤྲོད་ལ་ཤུགས་སྣོན་པ། འཇོན་མིའི་གསོ་སྐྱོང་སྤུས་ཚད་ལ་འགན་ལེན་དང་སློབ་གསོ་ཞབས་ཞུའི་དཔལ་འབྱོར་སྤྱི་ཚོགས་འཕེལ་ནུས་མཐོ་རུ་གཏང་དགོས་པའི་བླང་བྱ་བཏོན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།