2019ལོར་མཚོ་སྔོན་དོན་ལས་ལས་ཁུངས་ཀྱིས་ལས་མི3000ཡན་བསྡུ་རྒྱུ་རེད།
2019ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱིས་ལས་མི་བསྡུ་བའི་སྤྱིའི་ཇུས་གཞི།
གཅིག མཛུབ་སྟོན་བསམ་བློ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གྱི་འབྲེལ་ཡོད་བཀོད་སྒྲིག དེ་མིན། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་ཐད་ཀྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བྱ་བའི་བླང་བྱ་གཙོར་འཛིན་པ་དང་། མཐའ་འཁོབ་ས་ཁུལ་གྱི་དོན་ལས་ལས་ཁུངས་ཀྱི་ལས་བསྡུའི་དབུལ་སྐྱོར་སྲིད་ཇུས་གཟབ་ནན་སྒོས་དོན་འཁྱོལ་བྱེད་པ། སྤྱོད་ཡོན་ཉིས་ལྡན་གྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། ལས་བསྡུ་བྱ་བའི་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་གྱི་ཆུ་ཚད་ཧུར་བརྩོན་སྒོས་ཇེ་མཐོར་གཏང་རྒྱུ་དེ་ཡིན་པ་རེད།
གཉིས། ལས་བསྡུའི་འཆར་འགོད།
2019ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱི་ལས་བསྡུའི་བྱ་བ་རིམ་པ་གཉིས་བགར་ནས་སྤེལ་ཏེ། སྔོན་རྩིས་ལྟར་ན་ལས་མི3000ཡན་བསྡུ་རྒྱུ་རེད། དེའི་ཁྲོད། ཞིང་ཆེན་ཐད་གཏོགས་དོན་ལས་ལས་ཁུངས་ཀྱིས་ལོ་ཧྲིལ་པོར་ལས་མི800བསྡུ་རྩིས་ཡོད་པ་རེད། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར། ས་ཁུལ། སྲིད་ཨུ།)ཞིང་དང་གྲོང་བརྡལ་གྱི་དོན་ལས་ལས་ཁུངས་ཀྱིས་ལོ་ཧྲིལ་པོར་ལས་མི(དམིགས་གསལ་ལས་གནས་ཀྱི་དགེ་རྒན)2200བསྡུ་རྩིས་ཡོད་པ་རེད།
གསུམ། ལོ་ཚོད་ཀྱི་བླང་བྱ།
ལོ་ཚོད་ཀྱི་ཆ་རྐྱེན་རྩ་དོན་སྟེང་ནས་ལོ35མན་གཏན་འཁེལ་བྱས་ཡོད་ནའང་། མཐོ་རིམ་གཞོན་པ་ཡན་གྱི་མཚན་གནས་དང་རམ་འབྱམས་ཞིབ་འཇུག་ཡན་གྱི་བསླབ་གནས། ཉེར་མཁོའི་ཆེད་ལས་དང་དམིགས་གསལ་ལས་གནས་ལ་རྒྱུགས་སྤྲོད་མཁན་གྱི་ལོ་ཚོད་ཇེ་རིང་དུ་བསྲིང་ཆོག རྫོང་དང་ཞིང་གི་དོན་ལས་ཁུངས་ཀྱི་དོ་དམ་ལས་གནས་དང་ཆེད་ལས་ལག་རྩལ་གྱི་ལས་གནས་ལ་རྒྱུགས་སྤྲོད་མཁན་གྱི་ལོ་ཚོད40མན་ཡིན་ཆོག སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ལས་གནས་ལ་རྒྱུགས་སྤྲོད་པའི་གནས་སྐབས་གདན་ཞུའི་དགེ་རྒན་དང་། རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་རྒྱུགས་སྤྲོད་པའི་གནས་སྐབས་གདན་ཞུའི་མི་སྣའི་ལོ་ཚོད45མན་ཡིན་ཆོག
བཞི། བསླབ་གནས་ཀྱི་བླང་བྱ།
སློབ་གྲྭ་ཆུང་འབྲིང་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལས་ཕུད། ཞིང་དང་གྲོང་རྡལ་གྱི་དོན་ལས་ལས་ཁུངས་ལ་རྒྱུགས་སྤྲོད་མཁན་གྱི་བསླབ་གནས་མཐོ་འབྲིང་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་བསླབ་གནས་ལྡན་ཆོག ལས་གནས་གཞན་པའི་བསླབ་གནས་ཀྱི་བླང་བྱ་ཆེད་སྦྱོང་ཡན་གྱི་བསླབ་གནས་ལྡན་དགོས་པ་རེད།
ལྔ། ཁྱིམ་ཐོའི་བསྡུར་ཚད།
ཆེད་ལས་རང་བཞིན་དང་ལས་བསྡུ་དཀོན་པའི་ལས་གནས་ཡིན་ན་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་བསྡུ་རྒྱུ། རང་སྐྱོང་ཁུལ་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་རང་ས་ཁུལ་ལ་ཁ་ཕྱོགས་ནས་ལས་བསྡུ་བྱ་རྒྱུ། ཞིང་ཆེན་ཡོངས་ལ་ཁ་ཕྱོགས་པའི་ལས་བསྡུའི་ཁྲོད་རང་ས་གནས་ནས་ཞབས་ཞུ་བྱེད་པའི་སློབ་ཆེན་པའི་སྡེ་དཔོན་དང་དང་བླངས་ཞབས་ཞུའི་ནུབ་བརྒྱུད་འཆར་འགོད། རང་ས་གནས་ཀྱི་དམག་ཁོངས་ལས་བུད་པའི་དམག་མི་སོགས་འདུ་བ་རེད།
དྲུག སྐད་གཉིས་ལས་གནས།
ལས་བསྡུའི་ལས་གནས་ཁྲོད་མི་རིགས་ཀྱི་ལས་དོན་དང་འབྲེལ་བ་ཡོད་ཚེ། རྒྱ་བོད་སྐད་གཉིས(སོག་སྐད། རྒྱ་སྐད)གོ་བའི་ལས་མི་བཀོད་སྒྲིག་བྱ་རྒྱུ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com