ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > མཚོ་སྔོན་ཞིང་ཆེན་དོན་ལས་ལས་ཁུངས་ཀྱིས་མཐོ་རིམ་འཇོན་མི་བསྡུ་བའི་བརྡ་སྦྱོར།
མཚོ་སྔོན་ཞིང་ཆེན་དོན་ལས་ལས་ཁུངས་ཀྱིས་མཐོ་རིམ་འཇོན་མི་བསྡུ་བའི་བརྡ་སྦྱོར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2019-03-05 14:32:00
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། རང་ཞིང་གི་དོན་ལས་ཁུངས་ཀྱི་འཇོན་མིའི་དཔུང་སྡེའི་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་དང་། ཉེ་བར་མཁོ་བའི་མཐོ་རིམ་འཇོན་མི་ནང་འདྲེན་བྱ་ཆེད། 《མཚོ་སྔོན་ཞིང་ཆེན་ཐད་གཏོགས་དོན་ལས་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་སྤྱི་བསྒྲགས་ལས་བསྡུའི་བྱེད་ཐབས》ཀྱི་གཏན་འབེབས་གཞིར་བཟུང་སྟེ། 2019ལོའི་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁག་ཅིག་གིས་ཞིང་ཆེན་གཞན་པའི་མཐོ་རིམ་སློབ་གྲྭ་ནས་འཇོན་མི་བསྡུ་བའི་འབྲེལ་ཡོད་ལས་དོན་སྤྱི་བསྒྲགས་གཤམ་གསལ་ལྟར།
གཅིག ལས་བསྡུའི་ཁྱབ་ཁོངས།
ཐེངས་འདིའི་ལས་བསྡུའི་ཁྱབ་ཁོངས་རྒྱལ་ཡོངས་ལ་ཁ་ཕྱོགས་ཏེ། གཅིག་བསྡུས་དང་རིགས་དབྱེ་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་ནས་ལས་བསྡུ་བྱ་རྒྱུ་རེད།
གཉིས། ལས་བསྡུའི་ལས་ཁུངས་དང་ལས་གནས།
ལས་བསྡུའི་ལས་ཁུངས་ཁྲོད་གཙོ་བོ་རང་ཞིང་གི་མཐོ་རིམ་སློབ་གྲྭ(མཚོ་སྔོན་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ)འདུ་ལ། དོན་ལས་ལས་ཁུངས་གཞན་པར་མཁོ་གལ་ཆེ་བའི་འབུམ་རམས་ཞིབ་འཇུག་སློབ་མ་དང་ཆེད་ལས་ལ་མཁོ་བའི་རབ་འབྱམས་ཞིབ་འཇུག་སློབ་མ། ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་བཙུགས་སྨན་ཁང་ཁག་ཅིག་གིས་བསྡུ་བཞིན་པའི་འབུམ་རམས་ཞིབ་འཇུག་སློབ་མ་དང་རབ་འབྱམས་ཞིབ་འཇུག་སློབ་མ། ཆེད་ལས་ལ་མཁོ་བའི་དངོས་གཞི་སློབ་མ་བཅས་བསྡུ་རྒྱུ་རེད།
གསུམ། ལས་བསྡུའི་ཆ་རྐྱེན།
1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ།
2.བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱེད་པ་དང་སྤྱོད་ལམ་ལེགས་པོ་ལྡན་པ།
3.ཞིབ་ཕྲའི་ལས་གནས་ཀྱིས་གཏན་འཁེལ་བྱས་པའི་བསླབ་གནས་དང་ཆེད་ལས་ཀྱི་བླང་བྱ་དང་མཐུན་པ། དེའི་ཁྲོད་བསླབ་གནས་ཀྱི་བླང་བྱ་ཆ་སྙོམས་སྒོས་ཉིན་ཧྲིལ་པོ་ལམ་ལུགས་ཀྱི་དངོས་གཞི་དང་རབ་འབྱམས་ཞིབ་འཇུག་སློབ་མ།འབུམ་རམས་ཞིབ་འཇུག་སློབ་མ་ཡིན་དགོས།
4.ལས་ཕུང་བདེ་ཐང་ཡིན་དགོས།
5.ལོ35མན་ཡིན་དགོས་ལ། ཆེད་ལས་ཀྱི་མཁོ་གལ་ཆེ་བ་དང་བྱ་བའི་གྲུབ་འབྲས་ཧ་ཅང་འབུར་ཐོན་ཅན་གྱི་ལས་བྱེད་མི་སྣའི་ལོ་ཡི་ཚད་བཀག་འོས་འཚམ་གྱིས་ཇེ་རིང་དུ་བཏང་ཆོག
བཞི། མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར།
མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་བྱ་བ་དེ་ལས་བསྡུའི་ལས་ཁུངས་སོ་སོས་འགན་འཁུར་བཞིན་ཡོད་ལ། དགོས་མཁོ་ལྟར་ཡུལ་དངོས་དང་དྲ་ཐོག་ནས་མིང་ཐོ་འགོད་དགོས། ཡུལ་དངོས་ནས་མིང་ཐོ་འགོད་སྐབས་མིང་ཐོ་འགོད་སའི་རེའུ་མིག་གི་ཁ་བསྐང་དགོས།(མ་ཡིག1དང་བསྐྱར་དཔར2།འདྲ་པར།)མི་སྒེར་གྱི་ཐོབ་ཐང་ལག་ཁྱེར་དང་བསླབ་གནས་ཀྱི་འབྲེལ་ཡོད་བདེན་དཔང་རྒྱུ་ཆ་དང་བསྐྱར་དཔར། ལས་གནས་ཀྱི་བླང་བྱ་ལྟར་དཔང་ཡིག་གཞན་པའི་མ་ཡིག་དང་བསྐྱར་དཔར་གྲ་སྒྲིག་བྱ་དགོས།
ཞིབ་ཏུ་རྒྱུས་ལོན་བྱེད་ན། མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ བརྒྱུད་ནས་རྒྱུས་ལོན་བྱ་རོགས།

ཀྲུང་གོང་མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་ནས།
2019ལོའི་ཟླ3ཚེས1ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།