དགེ་རྒན་དག་ལས་རིགས་ཀུན་སྤྱོད་དང་འགལ་ཚེ་ཆད་པ་གཅད་རྒྱུ་ཡིན་པ།

རྩོམ་པ་པོ།:ལོ་ཙཱ་བ། རྟ་མགྲིན་དཔལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2019-03-04 10:32:00 ཀློག་གྲངས།:
     སློབ་འགོ་ཚུགས་ལ་ཉེ་བའི་དུས་འདིར། དགེ་རྒན་ལ་འགན་སྲུང་དང་། སློབ་མའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་། དགེ་རྒན་དཔུང་ཁག་གི་མཚན་སྙན་སྲུང་སྐྱོང་བཅས་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་སྔར་ལས་ཚད་ལྡན་དུ་གཏང་ཆེད། ཉེ་ལམ་ཞིང་ཆེན་སློབ་གསོ་ཐིང་གིས<<མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ལས་རིགས་ཀུན་སྤྱོད་དང་འགལ་བའི་བྱ་སྤྱོད་ཐག་གཅོད་ཐབས་ལམ་སྲོལ་ཡིག་དཔར་འགྲེམ་བྱས།(2019ལོའི་བཟོ་བཅོས)>>ལག་བསྟར་ཕྲ་ཞིབ(གོ་ཆོད་པའི་དུས་ཡུན་ནི2024ལོའི་ཟླ1ཚེས21ཉིན)བར་དགེ་རྒན་གྱི་ཁྲིམས་འགལ་བྱ་སྤྱོད་དང་ཐག་གཅོད་བྱེད་སྟངས། གོ་རིམ་སོགས་གཏན་འབེབ་ནན་པོ་བྱས་པ་རེད།
     ལག་བསྟར་བྱེད་སྟངས་ཞིབ་ཕྲ་འདིར་གཞིགས་ཏེ་རང་ཞིང་གིས་ཐག་གཅོད་བྱ་དགོས་པའི་དགེ་རྒན་གྱིས་ལས་རིགས་ཀུན་སྤྱོད་དང་འགལ་བའི་བྱ་སྤྱོད་ཁྱོན་བསྡོམས་ཕྱོགས13ཚུད་ཡོད་པ་སྟེ།(དོན་ཚན)དེའི་ནང་མང་ཚོགས་ཀྱིས་བསམ་འཆར་གཙོ་བོ་བཏོན་ཡོད་པ་གཤམ་གསལ་ལྟར།
     གཅིག སློབ་ཁྲིད་ཀྱི་སྒྲིག་ཁྲིམས་དང་འགལ་པ། སློབ་ཁྲིད་སླ་བཅོས་བྱེད་པ།ཡང་ན་རང་འདོད་ཀྱིས་སློབ་གསོ་དང་སློབ་ཁྲིད་གྱི་བྱ་བ་ལས་ཞོར་འབབ་ཐོབ་པའི་བྱ་སྤྱོད།
     གཉིས། སྐུལ་སློང་དང་བཙན་དབང་གིས་སློབ་མར་སློབ་གྲྭ་བརྗེ་སྤོར་བྱེད་པ། སློབ་མཚམས་འཇོག་དུ་འཇུག་པ།
     གསུམ། སློབ་མར་མཐོང་ཆུང་དང་བརྙས་བཅོས་བྱེད་པ། སློབ་མར་མནར་གཅོད་དང་གནོད་འཚེ་གཏོང་བ།
     བཞི། སློབ་གསོ་དང་སློབ་ཁྲིད་ཀྱི་བྱེད་སྒོའི་ཁྲོད་གློ་བུར་དུ་བྱུང་བའི་དོན་རྐྱེན་དང་ཉེན་ཁ་ལ་འཕྲད་སྐབས་སློབ་མའི་བདེ་སྡུག་ལ་མི་བསམ་པར་རང་ཤུགས་སུ་བྲོས་བྱོལ་བྱེད་པ།
     ལྔ། སློབ་མ་དང་ཚུལ་མིན་གྱི་འབྲེལ་བ་བྱུང་བ། ལུགས་མཐུན་མིན་པའི་འཆལ་སྤྱོད་གང་རུང་དང་འདོམ་གཡེམ་གྱི་བྱ་སྤྱོད།
     དྲུག སློབ་མ་བསྡུ་བ་དང་རྒྱུགས་ལེན་པ། ཕུལ་བྱུང་ཁག་འདེད། སྐྱེལ་སྤྲོད་ཁག་ཐེག་དང་དེ་བཞིན་ལས་ཕྱོད་དཔྱད་ཞིབ། ལས་གནས་གདན་ཞུ།ལས་ཐོབ་བསྐོ་སྤྱོད། ལས་ཀའི་གོ་མིང་དཔྱད་བསྡུར་དང་བསྐོ་སྤྱོད། དཔྱད་འཇོག་དང་ལེགས་འདེམས་སོགས་ཀྱི་ལས་ཀའི་ཁྲོད་གཡོ་ཟོལ་གྱིས་རྫུན་བཟོ་བྱེད་པ།
     བདུན། སློབ་མ་དང་ཁྱིམ་བདག་གི་རྒྱུ་དངོས་སློང་ལེན་བྱེད་པའམ་ཡང་ན་སློབ་མ་དང་ཁྱིམ་བདག་གིས་བཤམ་པའི་གསོལ་སྟོན་དང་།ཡུལ་སྐོར་སྤྲོ་གསེང་སོགས་ཀྱི་བྱེད་སྒོར་ཞུགས་པ། སློབ་མར་དཔེ་དེབ་དང་ཚགས་པར།དུས་དེབ།སློབ་གསོའི་རྒྱུ་ཆ་སོགས་འགྲེམ་འཚོང་བྱེད་པ། སྤྱི་ཚོགས་ཀྱི་འགན་བཅོལ་ལམ་ཡང་ན་ཁྱིམ་བདག་གི་ཐོན་ཁུངས་སྤྱད་དེ་སྒེར་དོན་སྒྲུབ་པ།
     བརྒྱད། རིན་དོད་ཡོད་པའི་གསབ་ཁྲིད་བྱ་བ་སྒྲིག་འཛུགས་བྱེད་པའམ་ཡང་ན་སློབ་གྲྭའི་ཕྱི་ལོགས་ཀྱི་གསོ་སྦྱོང་ལས་ཁུངས་དང་མི་གཞན་ངོ་སྤྲོད་བྱེད་པར་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་བྱེད་པ།
     སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱིས་ལས་རིགས་ཀྱི་ཀུན་སྤྱོད་དང་འགལ་བའི་བྱ་སྤྱོད་ཐག་གཅོད་བྱེད་པར་ཆད་པ་གཅོད་པ་དང་ཐག་གཅོད་བྱེད་ཚུལ་གཞན་དག་ཚུད་ཡོད། ཉེས་ཆད་ཀྱི་ཁོངས་སུ་ཐ་ཚིག་སྒྲོག་པ་དང་། སྐྱོན་ཐོ་འགོད་པ། ལས་གནས་ཀྱི་རིམ་པ་དམའ་རུ་གཏོང་བའམ་གནས་དབྱུང་གཏོང་བ། ཕྱིར་འབུད་གཏོང་བ་བཅས་ཚུད་ཡོད། ཐ་ཚིག་སྒྲོག་ཡུན་ནི་ཟླ6ཡིན་པ་དང་།སྐྱོན་ཐོ་འགོད་པའི་དུས་ཡུན་ནི་ཟླ12ཡིན་ཞིང་།ལས་གནས་ཀྱི་རིམ་པ་འབེབས་པའམ་གནས་དབྱུང་གཏོང་བའི་དུས་ཚོད་ནི་ཟླ24ཡིན། གཞན་དག་ཐག་གཅོད་བྱ་རྒྱུ་ཞེས་པ་ནི་སྐྱོན་བརྗོད་སློབ་གསོ་དང་། བསླབ་འདོམས་སྐུལ་ལྕག་གི་གླེང་མོལ། ཞིབ་བཤེར་འགན་དཀྲི་བ། བརྡ་ཁྱབ་སྐྱོན་བརྗོད་བཅས་དང་། དེ་བཞིན་བྱ་དགའ་དཔྱད་བསྡུར་དང་ཕུལ་བྱུང་། གོ་གནས་འཕར་བ།གོ་མིང་དཔྱད་བསྡུར་གཏན་འབེབས། ལས་གནས་གདན་ཞུ།གླ་ཕོགས་སྤར་བ།ཤེས་ལྡན་མི་སྣའི་འཆར་གཞི་སྙན་འབུལ་སོགས་ཀྱི་འབྲེལ་ཡོད་ཐོབ་ཐང་མེད་པར་བཟོ་བའི་ལག་བསྟར་བྱེད་ཡུན་ཟླ24ལས་ཉུང་མི་ཆོག དགེ་རྒན་ཁྲིམས་འགལ་ཉེས་གསོག་གི་དོགས་པ་ཡོད་རིགས་དུས་ཐོག་ཏུ་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱ་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།