《དམའ་འབྲིང་སྐད་ཡིག་བློར་འཛིན་བྱིས་པ་བདེ་འཇུག》འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བྲག་དཀར་རྫོང་མི་རིགས་སློབ་འབྲིང་གཉིས་པ། དུས་ཚོད།:2019-01-10 11:19:00 ཀློག་གྲངས།:

     ཉེ་སྔོན། མཚོ་ལྷོ་ཁུལ་བྲག་དཀར་རྫོང་མི་རིགས་སློབ་འབྲིང་གཉིས་པས《དམའ་འབྲིང་སྐད་ཡིག་བློར་འཛིན་བྱིས་པ་བདེ་འཇུག》ཅེས་པའི་དཔེ་དེབ་འགྲེམ་སྤེལ་གནང་།
     ད་ལོའི་སློབ་སྐབས་འདིར་བྲག་དཀར་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སྐད་ཡིག་ཚན་ཁག་གིས་སློབ་གྲྭའི་འགོ་ཁྲིད་ཀྱི་ཐུགས་བཀོད་དང་སློབ་མའི་རེ་བ། དགེ་རྒན་ཚོའི་ལོ་འདི་གའི་རིང་གི་ཉམས་མྱོང་གཞི་བྱས་ཏེ་དམའ་འབྲིང་སློབ་མའི་སྐད་ཡིག་ཆུ་ཚད་མཐོར་འདེགས་དང་དགའ་ཞེན་བསྐྱེད་སྲིང་བཅས་ལ་དམིགས་ཏེ་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་འབྲིང་རིམ་སློབ་འབྲིང་གི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ་དེབ་དྲུག་པོ་གཞིར་བཟུང་ནས《དམའ་འབྲིང་བོད་སྐད་ཡིག་བློར་འཛིན་བྱིས་པ་བདེ་འཇུག》ཅེས་པ་འདི་རྩོམ་སྒྲིག་བྱས།

     ཐོག་མར་དགེ་རྒན་བཀྲ་ཤིས་དབང་རྒྱལ་དང་བསོད་ནམས་ཀུན་བཟང་། ཚེ་དཔལ་སྟོབས་རྒྱལ། སྐལ་བཟང་དོན་གྲུབ། མཁའ་རྒྱལ་ཚེ་རིང་སོགས་ཀྱིས་རང་རང་གི་དུས་རྒྱུན་བསགས་པའི་རྒྱུ་ཆ་གང་ཡོད་མཁོ་འདོན་བྱས་ཏེ་མ་ཡིག་གི་སྐྱ་ཐིག་ཕབ་པ་དང་རྩོམ་སྒྲིག་ལག་བསྟར་བའི་བཀོད་སྒྲིག་ལྟར་རྒྱུ་ཆར་ཞུ་དག་དང་མཐར་ཆགས་སུ་བསྒྲིགས་པ།

     《དམའ་འབྲིང་བོད་སྐད་ཡིག་བློར་འཛིན་བྱིས་པ་བདེ་འཇུག》འདི་པར་སྐྲུན་བྱས་པ་ལ་བརྟེན་ནས། དམའ་འབྲིང་བོད་སྐད་ཡིག་བློར་འཛིན་ལག་དེབ་ཁོལ་ཕྱུང་མ་ཞིག་མེད་པའི་དངོས་ཡོད་གནས་ཚུལ་ནས་མཇུག་རྫོགས་པས། ཚང་མར་དགའ་བ་དང་སྤྲོ་བ་ཞིག་ངང་ངམ་ཤུགས་ཀྱིས་རྒྱས་འོང་མོད། འོན་ཀྱང་ནང་དོན་མང་པོ་ཞིག་ད་དུང་ཁ་སྣོན་བྱེད་དགོས།
     མཐར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་མཁྱེན་རྒྱ་ཆེ་ཞིང་བློ་ཁམས་ཡངས་པའི་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་ནོར་བཅོས་ཡོ་བསྲང་དང་། གྲོས་འདོན་འཆར་འབུལ་གྱི་བཀའ་སློབ་ཅི་དགར་སྩོལ་བའི་རེ་བ་ཞུའོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།