ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > བོད་ཀྱི་ལག་རྩལ་བཟོ་པའི་སློབ་གླིང་དང་པོ་སྐྲུན་འགོ་ཚུགས་པ།
བོད་ཀྱི་ལག་རྩལ་བཟོ་པའི་སློབ་གླིང་དང་པོ་སྐྲུན་འགོ་ཚུགས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར།
དུས་ཚོད།:2018-12-17 11:49:00
ཀློག་གྲངས།:8175
ཉེ་ལམ། བོད་ཀྱི་ལག་རྩལ་བཟོ་པའི་སློབ་གླིང་དང་པོ་སྟེ་བོད་ཀྱི་ལག་རྩལ་པའི་སློབ་གླིང་སྐྲུན་འགོ་ཚུགས་པ་དང་སྔོན་དཔག་བྱས་ན2020ལོར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་རེད།
བོད་ཀྱི་ལག་རྩལ་བཟོ་པའི་སློབ་གླིང་གིས་ས་ཁྱོན་མུའུ380བཟུང་བ་དང་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར10བཏང་ཡོད། ཁྲོམ་རའི་དགོས་མཁོ་གཞིར་བཟུང་འཕྲུལ་གློག་གཞི་གཅིག་ཅན་གྱི་ལག་རྩལ་དང་། རླངས་འཁོར་ཉམས་བཟོའི་ལག་རྩལ། རྩིས་འཁོར་གྱི་དྲ་རྒྱའི་ལག་རྩལ། ཨར་སྐྲུན་ལས་གྲྭའི་ལག་རྩལ། མི་རིགས་ཀྱི་མཛེས་རྩལ་སོགས་ཆེད་ལས་སྣ་ཁ20ལྷག་འཆར་འགོད་བཀོད་སྒྲིག་བྱས་པ་དང་། སློབ་གྲྭའི་ལམ་ལུགས་ཀྱི་སློབ་གསོ་བརྒྱུད་གྲ་སྒྲིག་ལག་རྩལ་བ་དང་། མཐོ་རིམ་ལག་རྩལ་བ། འབྲིང་རིམ་ལག་རྩལ་བ་བཅས་གསོ་སྦྱོང་བྱ་རྒྱུ་མ་ཟད། སྤྱི་ཚོགས་ལ་ཕྱོགས་ནས་ལག་རྩལ་བ་དང་མཐོ་རིམ་ལག་རྩལ་བའི་གསོ་སྦྱོང་དང་། ཞིབ་འཇུག་ཟབ་སྦྱོང་། དཔྱད་ཞིབ། གདེང་འཇོག་བཅས་ཀྱི་ལས་དོན་ཡང་སྤེལ་རྒྱུ་རེད། སློབ་གླིང་བསྐྲུན་རྗེས། སློབ་གྲྭར་འགྲོ་མུས་ཀྱི་གཞི་ཁྱོན་སློབ་མ5000ཟིན་རྒྱུ་དང་། ལོ་ལྟར་དུས་ཡུན་འབྲིང་ཐུང་གི་སྤྱི་ཚོགས་ཅན་གྱི་གསོ་སྦྱོང་ལ་མི་ཐེངས10000ཡན་ཟིན་རེ་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་ཐིང་ཀྲང་ལི་ཕུའུ་ཀྲུང་གིས་སློབ་གླིང་གིས་ལས་ཞུགས་སྟོན་ཕྱོགས་སུ་བྱེད་པ་དང་། ཐོན་སློབ་མཉམ་འདྲེས་དང་སློབ་ཁེ་མཉམ་ལས་ཀྱི་སློབ་གཉེར་བྱེད་སྟངས་སྤྱོད་པ། “མངགས་ཐོའི་གནས་གཏན་འཁེལ་རྣམ་པའི”ཤེས་ལྡན་མི་སྣ་གསོ་སྦྱོང་ལག་ལེན་བསྟར་བ། ཚེ་གང་སློབ་གསོ་དང་ཚེ་གང་གསོ་སྦྱོང་གི་བསམ་ཕྱོགས་གཞིར་བཟུང་བ། ལས་ཞུགས་གོང་གི་གསོ་སྦྱོང་དང་། ལས་ཐོག་གསོ་སྦྱོང་། སློབ་ཆེན་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་ཀྱི་རྩལ་ནུས་གསོ་སྦྱོང་། ཞིང་འབྲོག་པ་གཞན་སྒྱུར་གསོ་སྦྱོང་སོགས་ཀྱི་ལས་དོན་སྤེལ་ནས་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་མཐོ་རིམ་ལག་རྩལ་པའི་ཤེས་ལྡན་མི་སྣའི་གསོ་སྦྱོང་དྲ་རྒྱ་རིམ་གྱིས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྦྱོང་གི་མ་ལག་གསར་པ་གཏོད་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།