ནག་ཆུ་གྲོང་ཁྱེར་སློབ་ཆུང་གི་དཔལ་དོན་གྲུབ་རྒྱལ་ལ་རྗེས་དྲན་ཞུ་བའི་བྱེད་སྒོ་སྐབས་གཉིས་པ་སྤེལ།

རྩོམ་པ་པོ།:ཧོར་བུ་བཀྲ་རྡོར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-11-30 09:07:00 ཀློག་གྲངས།:

དཔལ་དོན་གྲུབ་རྒྱལ་ལ་རྗེས་དྲན་ཞུ་བའི་བྱེད་སྒོ་སྤེལ།

     སྤྱི་ཟླ11པའི་ཚེས29ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སློབ་ཆུང་གི་དབུ་ཁྲིད་རྣམས་ཀྱི་རྒྱབ་སྐྱོར་དང་བོད་ཡིག་སློབ་དཔྱོད་ཁང་གི་བོད་ཡིག་དགེ་རྒན་ཡོངས། དེ་བཞིན་སློབ་མ་ཚོ་ཚ་ཚ་འུར་འུར་གྱིས་བྱེད་སྒོར་ཞུགས་པ་བརྒྱུད། བྱང་ཐང་ནག་ཆུའི་སློབ་གསོའི་ཐོག་སློབ་ཆུང་སློབ་གྲྭ་ཞིག་གི་རྩོམ་པ་པོ་རླབས་ཆེན་དཔལ་དོན་གྲུབ་རྒྱལ་ལམ་རང་གྲོལ་རྗེས་དྲན་བྱེད་སྒོ་སྤེལ་ཐེངས་གཉིས་པ་དེ་ནག་ཆུ་ས་གནས་སློབ་ཆུང་རུ་སྤེལ།
     ད་ཐེངས་ཀྱི་བྱེད་སྒོ་དེ་ལས་སློབ་གྲྭའི་རིག་གནས་ཀྱི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་ཆེད་དང་དགེ་སློབ་ཡོངས་ནས་བོད་ཀྱི་སྐད་དང་ཡི་གེར་སྔར་བས་དགའ་ཞེན་ཆེར་གཏོང་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་བསྐྲུན་ཡོད།
     ཐེངས་འདིའི་རྗེས་དྲན་བྱེད་སྒོའི་རྣམ་པ་ནི་སློབ་མའི་རྩོམ་ཡིག་འགྲན་བསྡུར་དང་དགེ་སློབ་ཀྱི་སྙན་ངག་གྱེར་འདོན་ལས་རྗེས་དྲན་ནི་མི་རིགས་ཤིག་གི་རྣམ་ཤེས་གསོ་བའི་སྨན་བྱེད་ལྟ་བུ་ཡིན་པས་སློབ་གྲྭའི་བོད་ཡིག་སློབ་དཔྱོད་ཙུའི་ཡི་ལོ་ལྟར་བོད་ཀྱི་རྩོམ་ཡིག་དོ་རའི་སྐར་མ་འོད་ཆེན་སྐུ་ཞབས་རང་གྲོལ་ཁོང་གི་ཕུལ་བྱུང་གི་གྲུབ་འབྲས་ལ་བསྔགས་བརྗོད་ཀྱི་མེ་ཏོག་ཕུལ་ཡོད།
     ཐེངས་འདིའི་བྱེད་སྒོ་དེ་སྣ་མང་ཕུན་སུམ་ཚོགས་ལ་བྱེད་སྒོའི་བརྗོད་སྙིང་ཡང་ལེགས་པས་དགེ་སློབ་ཡོངས་ལ་ཤུགས་རྐྱེན་ལེགས་པོ་ཐེབས་ཡོད། ཕྱིན་ཆད་ཀྱང་དེ་ལྟ་བུའི་བྱེད་སྒོ་གང་མང་སྒྲུབ་ཐུབ་པའི་རེ་བ་དང་ཡིད་ཆེས་ཀྱང་ཡོད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།