གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོས་བོད་སྐད་ཡིག་གི་སྙན་ངག་གྱེར་འདོན་གྱི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:ཚེ་རིང་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-11-26 09:45:00 ཀློག་གྲངས།:

     སྤྱི་ཟླ11པའི་ཚེས23ཉིན་གྱི་ཕྱི་དྲོ་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོའི་ལོ་རིམ་དྲུག་པའི་སྡེ་ཁག་གི་སློབ་མས་བོད་སྐད་ཡིག་གི་སྙན་ངག་གྱེར་འདོན་འགྲན་ཚོགས་ཀྱི་བྱ་འགུལ་སྤེལ་བ་ཡིན།   

     སྐད་ཡིག་ནི་མི་དང་མིའི་བར། མི་རིགས་དང་མི་རིགས་ཀྱི་ཕན་ཚུན་བར་འབྲེལ་འདྲིས་བྱེད་པའི་ལག་ཆ་གཙོ་བོ་དང་འགྲོ་བ་མིའི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་འགྲནཞུགས་སློབ་གྲོགས་རྣམས་ཀྱིས་སྙན་འཇེབས་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་དགེ་རྒན་དང་ཕ་མ། སློབ་ར་དང་སྤྱི་ཚོགས། ཏང་དང་རྒྱལ་ཁབ་ལ་ཕུལ་བའི་བསྟོད་བསྔགས་དང་དྲིན་གཟོ་ཡི་ཚིག་འབྲུ་རེ་རེ་ཁ་གསལ་ཞིང་སྨྲ་དག་པའི་སྒོ་ནས་ཕྱིའི་ཉམས་འགྱུར་དང་ནང་བརྩེ་བས་ཕྱུག་སྟེ་གྱེར་འདོན་བྱས་པ་ཡིན།

     ཐེངས་འདིའི་འགྲན་བསྡུར་ལ་སྡོམ་པའི་སློབ་མ12ཞུགས་པ་དང་།  དེ་ལས་སློབ་མ་ལྷ་འཚོ་སྒྲོལ་མར་ཨང་དང་པོ་ཐོབ་པ་དང་། སློབ་མ་བདེ་བྷོ་དང་མང་ར་ཐར་གཉིས་ལ་ཨང་གཉིས་པ་ཐོབ། བསྟན་འཛིན་ལེགས་སྒྲུབ་སོགས་ལ་ཨང་གསུམ་པ་ཐོབ་སྟེ། ཡུལ་དངོས་ཀྱི་དགེ་སློབ་ཡོངས་ལ་བརྗེད་མི་ཐུབ་པའི་བག་ཆགས་ཟབ་མོ་ཞིག་བཞག་ཟིན།

     འདི་ལྟ་བུའི་རིག་གནས་ཀྱིས་བོད་ཀྱི་རིག་གནས་སྤྱི་དང་ནང་སྒོས་སུ་སློབ་བུ་རྣམས་ཀྱི་རང་གི་དགའ་ཕྱོགས་སྐྱེད་སྲིང་དང་རང་སྐད་ཀྱི་ངག་རྩོམ་རིག་གནས་ལ་རྒྱུས་ལོན་དང་དུང་བ་ཇེ་ཟབ་ཏུ་གཏོང་ཆེད་དུ་ཡིན།  

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།