བོད་ལྗོངས་མི་རིགས་སློབ་ཆེན་གྱིས《བོད་ལྗོངས་རྩོམ་རིག》ཅེས་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོ་བསྡུས།

རྩོམ་པ་པོ།:ལྷ་མི་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-11-01 09:15:00 ཀློག་གྲངས།:
     ཉེ་ལམ། བོད་ལྗོངས་མི་རིགས་སློབ་ཆེན་རྩོམ་རིག་སློབ་གླིང་དང《བོད་ལྗོངས་རྩོམ་རིག》རྩོམ་སྒྲིག་ཁང་གིས་གཙོ་སྒྲུབ་དང་། བོད་ལྗོངས་མཆོག་ནོར་སྨྱན་སྦྱོར་ཚད་ཡོད་ཀུང་ཟིས་འགན་སྒྲུབ་གནང་བའི་ལོ་རེར《བོད་ལྗོངས་རྩོམ་རིག》སློབ་རར་སྐྱོད་པའི“རྩོམ་རིག་སྔོག་འདོན་བུམ་པའི”རྩོམ་བསྡུ་འགྲན་བསྡུར་དང་མིང་གྲགས་མི་སྣ་སློབ་རར་བསྐྱོད་པའི་བརྗོད་དོན་བྱ་འགུལ་དེ་བོད་ལྗོངས་མི་རིགས་སློབ་ཆེན་དུ་སྤེལ།
     རྒྱུས་ལོན་པ་ལྟར་ན། “སློབ་ཆེན་སློབ་མའི་རྩོམ་རིག་གསར་རྩོམ་ཕུན་ཚོགས་སུ་གཏོང་བར”ཁ་ཕྱོགས་པ་དང་། རང་འགུལ་གྱིས་སློབ་ཆེན་སློབ་མས་རྒྱ་ཆེར་དཔེ་ཀློག་ལ་སྐུལ་འདེད། སྐབས་དོན་ལ་དོ་སྣང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དེང་རབས་བོད་ཀྱི་རྩོམ་རིག་ཕུན་ཚོགས་སུ་གཏོང་བར། 《བོད་ལྗོངས་རྩོམ་རིག》སློབ་རར་སྐྱོད་པའི“རྩོམ་རིག་སྔོག་འདོན་བུམ་པའི”རྩོམ་རིག་འགྲན་བསྡུར་དང་མིང་གྲགས་མི་སྣ་སློབ་རར་བསྐྱོད་པའི་བརྗོད་དོན་བྱ་འགུལ་དེ་ནི་རྩོམ་བསྡུ་འགྲན་བསྡུར་དང་། ཆེད་དོན་འཆད་ཁྲིད། བྱ་དགའ་གནང་བའི་མཛད་སྒོ་བཅས་ཁག་གསུམ་གྱིས་གྲུབ་ཅིང་། མཇུག་མཐར་དགེ་རྒན་ཚན་ཆུང་དང་སློབ་མའི་ཚན་ཆུང་ལ་བསྡོམས་པས་བརྩམས་ཆོས24ཡི་བྱ་དགའ་ཐོབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།