《དམངས་ཁྲོད་བཏགས་པ་མེས་པོའི་དགོད་སྒྲ》ཞེས་པའི་དཔེ་དེབ་པར་དུ་བསྐྲུན་པ།
ཉེ་ཆར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་འཚོལ་ཞིབ་དང་ལེགས་སྒྲིག་གནང་བའི《དམངས་ཁྲོད་བཏགས་པ་མེས་པོའི་དགོད་སྒྲ》ཞེས་པའི་དཔེ་དེབ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་གནང་ཞིང་། འདིས་གསེར་ཆེན་རྫོང་དང་ཐ་ན་མཚོ་ལྷོ་ཁུལ་གྱི་བོད་རིགས་དམངས་ཁྲོད་བཏགས་པ་ཚད་ལྡན་མིན་པར་ལེགས་བསྒྲིགས་དཔེ་སྐྲུན་གྱི་སྟོང་ཆ་བསྐངས།
མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང། དམངས་ཁྲོད་དུ་ཁྱབ་པའི་ཁ་བཤད་རྩོམ་རིག་སྲུང་སྐྱོབ་དང་མྱུར་སྐྱོབ། ལེགས་སྒྲིག་བྱེད་པར། གསེར་ཆེན་རྫོང་བོད་སྐད་ཨུ་གཞུང་སྒྲུབ་ཁང་གིས་ལོ་ངོ་གཉིས་རིང་གི་འབད་བརྩོན་བརྒྱུད། མཚོ་སྐོར་ས་ཁུལ་གཙོས་པའི་མཐའ་འཁོར་ས་ཁུལ་དུ་བོད་ཀྱི་དམངས་ཁྲོད་བཏགས་པ་གཏམ་རྒྱུད200ལྷག་འཚོལ་སྡུད་དང་ལེགས་སྒྲིག་གནང་ལ། ཡིག་འབྲུ་ཁྲི12འདུས། གཏམ་རྒྱུད་རེ་རེ་ནི་བོད་ཀྱི་ཁ་བཤད་རྣམ་པས་ལེགས་སྒྲིག་བྱས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com