2018ལོའི་མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་བོད་སྐད་སྙན་སྒྲོན་པ་དང་མདོ་འཛིན་པའི་གསོ་སྦྱོང་འཛིན་གྲྭ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོའི་བརྙན་འཕྲིན་ཁང་བོད་སྐད་སྤྱི་སྟེགས། དུས་ཚོད།:2018-09-14 10:21:00 ཀློག་གྲངས།:


2018ལོའི་མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་བོད་སྐད་སྙན་སྒྲོན་པ་དང་མདོ་འཛིན་པའི་གསོ་སྦྱོང་འཛིན་གྲྭ་སྤེལ།


སྙན་སྒྲོན་པ་གྲགས་ཅན་ཕུར་བས་འཆད་འཁྲིད་གནང་བཞིན་པ།


སྙན་སྒྲོན་པ་གྲགས་ཅན་འབྲུག་ལྷ་རྒྱལ་གྱིས་འཆད་འཁྲིད་གནང་བཞིན་པ།


ནན་ཏན་གྱིས་འཆད་འཁྲིད་ལ་ཉན་བཞིན་པ།


ནན་ཏན་གྱིས་འཆད་འཁྲིད་ལ་ཉན་བཞིན་པ།

      སྔར་ལས་ལྷག་པའི་སྒོ་ནས་ཁུལ་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ཁག་དང་། སློབ་རའི་ཕུལ་བྱུང་བོད་སྐད་སྙན་སྒྲོན་པ་དང་མདོ་འཛིན་པ་གསོ་སྐྱོང་བྱེད་ཆེད། སྤྱི་ཟླ9པའི་ཚེས11ཉིན། མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་གསར་སྐྲུན་གཞུང་སྒྲུབ་ཁང་དང་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་། ཁུལ་སློབ་གསོ་ཅུའུ། མཚོ་ལྷོ་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི2018ལོའི་མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་བོད་སྐད་སྙན་སྒྲོན་པ་དང་མདོ་འཛིན་པའི་གསོ་སྦྱོང་འཛིན་གྲྭ་མགོ་ཚུགས།
     ཐེངས་འདིའི་གསོ་སྦྱོང་གི་སྐབས་སུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྙན་སྒྲོན་པ་གྲགས་ཅན་ཕུར་བ་དང་འབྲུག་ལྷ་རྒྱལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྙན་སྒྲོན་པའི་མཛུབ་སྟོན་དགེ་རྒན་ཧྲིན་ཧོང་བཅས་གདན་ཞུ་གནང་སྟེ། ཚད་ལྡན་གྱི་སྙན་སྒྲོན་པ་དང་མདོ་འཛིན་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་དང་། སྙན་སྒྲོན་སྐབས་སུ་སྙན་དག་གསལ་གསུམ་འབུར་དུ་ཐོན་དགོས་པའི་གལ་ཆེན་རང་བཞིན་གྱི་སྐོར། གྱེར་ཀློག་སྦྱོར་སྟངས་སྐབས་ཀྱི་ཚིག་གི་གཅོད་མཚམས་དང་སྒྲའི་ལྕི་ཡང་གི་ཁྱད་པར་འཇོག་ཚུལ། དབུགས་ཀྱི་འབྱིན་སྟངས་སོགས་ཀྱི་ཐད་ནས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་སྒོས་འཆད་འཁྲིད་བྱས།  དེ་མིན་དྲི་བ་དྲིས་ལན་གྱི་ལམ་ནས་ཀྱང་བྱ་བའི་ཉམས་མྱོང་སོགས་གླེང་ནས་ཕན་ཚུན་བར་ལ་བསམ་བློ་བརྗེ་རེས་བྱས།
     ཐེངས་འདིའི་གསོ་སྦྱོང་བྱ་འགུལ་སྤེལ་བ་བརྒྱུད་ནས། གཞི་རིམ་གྱི་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ཁག་གི་སྙན་སྒྲོན་པ་དང་མདོ་འཛིན་པ་རྣམས་ལ་སློབ་སྦྱོང་དང་བསམ་ཚུལ་བརྗེ་རེས་ཀྱི་གོ་སྐབས་ཤིག་བསྐྲུན་པ་མ་ཟད། བྱ་བའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། དྲང་ཕྱོགས་ཀྱི་ནུས་པ་རྒྱུན་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས། འཆམ་མཐུན་མཉམ་གནས་ཀྱི་མཚོ་ལྷོའི་སྣང་བརྙན་ལེགས་པོ་དྲིལ་སྒྲོག་བྱེད་པར་བྱེད་ནུས་གལ་ཆེན་བཏོན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།