ཐེམ་ཆེན་དུ་ཀྲུང་གོའི་མི་རིགས་དམངས་ཁྲོད་ཞབས་བྲོའི་སློབ་མའི་ཆུ་ཚད་རིམ་འཕར་གྱི་རྒྱུགས་གཞི་ཐོག་མ་བླངས།
ཐེམ་ཆེན་རྫོང་གར་གྱི་རྒྱ་མཚོ་ཞབས་བྲོ་གསོ་སྦྱོང་ལྟེ་གནས་ཀྱི་སློབ་མ་ཡོངས།
ཐེམ་ཆེན་རྫོང་རེ་བའི་ཞབས་བྲོ་གསོ་སྦྱོང་ལྟེ་གནས་ཀྱི་སློབ་མ་ཡོངས།
རྒྱུགས་ལེན་གྱི་ཆེད་མཁས་དགེ་རྒན།
ཀྲུང་གོའི་མི་རིགས་དམངས་ཁྲོད་ཞབས་བྲོའི་སློབ་མའི་ཆུ་ཚད་རིམ་འཕར་གྱི་རྒྱུགས་གཞི་ནི་ཞབས་བྲོ་བ་དག་གི་ཞབས་བྲོའི་ཉམས་འགྱུར་དང་ཤེས་བྱ། ཞབས་བྲོའི་སྟངས་སྟབས་སོགས་ལ་བརྟེན་ནས་ལས་ཐོབ་རིམ་འཕར་གྱི་རྒྱུགས་གཞི་ཞིག་ཡིན་ལ། ཉེ་ཆར། ཐེམ་ཆེན་རྫོང་ནས་ཀྲུང་གོའི་མི་རིགས་དམངས་ཁྲོད་ཞབས་བྲོའི་སློབ་མའིཆུ་ཚད་རིམ་འཕར་གྱི་རྒྱུགས་གཞི་ཐོག་མ་བླངས།
ཐེངས་འདིའི་རྒྱུགས་གཞི་ལ་ཐེམ་ཆེན་རྫོང་རིག་གནས་ཁང་ཁོངས་གཏོགས་ཀྱི་གསོ་སྦྱོང་ལྟེ་གནས་གཉིས་ཏེ། ཐེམ་ཆེན་རྫོང་གར་གྱི་རྒྱ་མཚོ་ཞབས་བྲོ་གསོ་སྦྱོང་ལྟེ་གནས་དང་། ཐེམ་ཆེན་རྫོང་རེ་བའི་ཞབས་བྲོ་གསོ་སྦྱོང་ལྟེ་གནས་གཉིས་ཀྱི་སློབ་མ་ལྔ་བཅུ་ལྷག་ཞུགས་ཡོད་ལ། འབྲེལ་ཡོད་ཀྱི་ཆེད་མཁས་པ་དག་གིས་དྲང་བོ་དྲང་བཞག་དང་གཟབ་ནན་གྱིས་རྒྱུགས་ཞུགས་སློབ་མ་དག་ལ་ཡུལ་དངོས་ནས་སྐར་མ་བརྒྱབ་པར་མ་ཟད། མཇུག་མཐར་འབྲེལ་ཡོད་ཆེད་མཁས་པས་དཔྱད་འཇོག་གང་ལེགས་སྤེལ།
འདི་ནི་ཐེམ་ཆེན་རྫོང་ནས་ན་ཆུང་བྱིས་པ་དག་ལ་ཐེངས་དང་པོར་བླངས་པའི་ཀྲུང་གོའི་མི་རིགས་དམངས་ཁྲོད་ཞབས་བྲོའི་སློབ་མའི་ཆུ་ཚད་རིམ་འཕར་གྱི་རྒྱུགས་གཞི་ཐོག་མ་ཡིན་ལ། རྒྱུགས་གཞི་འདི་བརྒྱུད་ནས་བྱིས་པ་དག་གིས་རྗེས་སོར་ཞབས་བྲོའི་སྒྱུ་རྩལ་གྱི་ཕྱོགས་ནས་ཇི་ལྟར་འཕེལ་རྒྱས་གཏོང་དགོས་པ་དང་ཞབས་བྲོའི་དགེ་མཚན་གྱི་ཕྱོགས་ནས་ཤེས་བྱ་མང་པོ་ཞིག་རྟོགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com