ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > བོད་ལྗོངས་ཀྱི་ཐོག་དང་པོའི་དེང་རབས་རྩོམ་རིག་ལོ་རྒྱུས་སྤྱིའི་རྩོམ་སྒྲིག་ལེགས་འགྲུབ་བྱུང་བ།
བོད་ལྗོངས་ཀྱི་ཐོག་དང་པོའི་དེང་རབས་རྩོམ་རིག་ལོ་རྒྱུས་སྤྱིའི་རྩོམ་སྒྲིག་ལེགས་འགྲུབ་བྱུང་བ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-07-17 09:40:00
ཀློག་གྲངས།:
དུས་ཡུན་ལོ་ངོ5དང་སྤྱིའི་ཡིག་འབྲུ་ཁྲི80ཡི་བདག་ཉིད་ཅན《བོད་ལྗོངས་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས》ཞེས་པའི་སྤྱིའི་རྩོམ་སྒྲིག་བྱ་བ་མིག་སྔར་ལེགས་འགྲུབ་བྱུང་ཞིང་། འདི་ནི་བོད་ལྗོངས་ཀྱི་ཅུང་ཆ་ཚང་བའི་དེང་རབས་རྩོམ་རིག་ལོ་རྒྱུས་ཀྱི་ཡིག་ཆ་ཐོག་མ་ཡིན་ལ། འཆར་གཞི་ལྟར་ན་སང་ལོར་དངོས་སུ་པར་བསྐྲུན་བྱ་རྒྱུ་ཡིན།
རྒྱུས་ལོན་པ་ལྟར་ན། 《བོད་ལྗོངས་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས》ཞེས་པའི་རྩོམ་སྒྲིག་བྱ་བ་དེ2013ལོ་ནས་མགོ་བརྩམས་ཤིང་། དེར་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་བོད་ལྗོངས་མི་རིགས་སློབ་ཆེན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་། བོད་ལྗོངས་སློབ་ཆེན་བཅས་ཀྱི་ཆེད་མཁས་པ་དང་ཤེས་ལྡན་པ20ལྷག་ཞུགས་ལ། པོད3ཡོད། 1951ལོ་ནས2016ལོའི་བར་གྱི་རྩོམ་རིག་བསྡུས་པ་སྟེ། རྩོམ་པ་པོ160ལྷག་གི་བརྩམས་ཆོས་སྟོང་ཕྲག་ལྷག་བསྡུས་ཡོད། ནང་དོན་ཐད་བརྩམས་སྒྲུང་དང་། སྙན་ངག ལྷུག་རྩོམ། ཟློས་གར་བརྙན་རིས་རྩོམ་རིག་སོགས་འདུས།
《བོད་ལྗོངས་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས》ཀྱི་རྩོམ་སྒྲིག་གཞོན་པས་བསྟན་དོན། དཔེ་ཆ་འདིའི་ནང་བསྡུས་པའི་ཁྱབ་ཁོངས་རྒྱ་ཆེ་ལ། དམངས་ཁྲོད་རྩོམ་རིག་དང་ལོ་ཙཱའི་རྩོམ་རིག་ཁྱབ་ཁོངས་སུའང་ཞིབ་ཕྲའི་མཚམས་སྦྱོར་གནང་བ་མ་ཟད། འདིའི་ནང་བོད་རིགས་རྩོམ་པ་པོ་དང་འབྲེལ་ཡོད་བརྩམས་ཆོས་ཀྱི་བསྡུར་ཚད1/3ལ་སླེབས་ཡོད་ཅིང་། བོད་ལྗོངས་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པའི་དཔྱད་གཞིའི་ཡིག་ཆ་ལེགས་པོ་ཞིག་ཡིན། འཆར་གཞི་ལྟར་ན། དཔེ་ཆ་འདིའི་ནང་དོན་འོས་འཚམ་གྱིས་ཁ་གསབ་དང་ལེགས་བཅོས་བྱས་རྗེས། སང་ལོར་དཔེ་སྐྲུན་ཁང་དུ་སྤྲད་དེ་པར་བསྐྲུན་འགྲེམ་སྤེལ་བྱ་རྩིས་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།