རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་སྐབས་བཞི་པའི་ཚོགས་འདུ་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2018-07-10 09:05:00 ཀློག་གྲངས།:

     སྤྱི་ཟླ7པའི་ཚེས7ཉིན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་གཙོ་སྒྲུབ་གནང་བའི་རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་སྐབས་བཞི་པའི་ཚོགས་འདུ་དེ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་གཟབ་རྒྱས་ངང་ཚོགས་ཤིང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཁང་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་ནས་ཕེབས་པའི་ཞིབ་འཇུག་པ་དང་ཆེད་མཁས་པ། དགེ་རྒན་ཆེན་མོ་སོགས་ཆེད་མཁས་མི་སྣ20ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་ཏེ་གཏམ་བཤད་གནང་།

     ཚོགས་འདུ་འདིར་ཆེད་རྩོམ་22ཙམ་འབྱོར་ཞིང་། ཚོགས་ཐོག་ཏུ་ཆེད་མཁས་པ་རྣམས་ཀྱིས་རྗེ་རིན་པོ་ཆེའི་རྣམ་ཐར་དང་ལྟ་གྲུབ། ལོ་རྒྱུས་དང་ལུང་བསྟན། དབྱིན་ཇི་དང་ཉི་ཧོང་སོགས་ཡིག་རིགས་གཞན་གྱི་ལམ་ནས་ཉམས་ཞིབ་གནང་བའི་འབྲས་བུ་གསར་པར་བགྲོ་གླེང་མཛད། ཚོགས་འདུའི་བར་གསེང་དུ་ཚོགས་ཞུགས་མི་སྣ་གཞན་གྱིས་དྲི་བ་འདྲི་བ་རྣམས་ཆེད་མཁས་པ་དག་གིས་དྲིས་ལན་བརྒྱུད་རང་གི་དཔྱད་འབྲས་གཏིང་ཟབ་པར་དཔྱད་བརྗོད་གནང་བ་དང་དོགས་སློང་གསར་བ་དག་བསྐྱར་དུ་དགོངས་བཞེས་དང་བློ་བསྐྱེད་རྒྱ་ཆེར་ཐོབ། ཆེད་མཁས་པ་ཀུན་གྱིས་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་སྔ་གཞུག་ཏུ་ཐེངས་བཞི་ལ་རྗེ་ཙོང་ཁ་བའི་ལྟ་གྲུབ་སོགས་ཀྱི་བགྲོ་གླེང་བསྡུས་པ་འདིས་དགེ་ལུགས་པའི་ཆོས་བརྒྱུད་སྤྱི་དང་། དེའི་གཞུང་ལུགས། རྗེ་ཙོང་ཁ་བ་ནས་བཟུང་ཆོས་བརྒྱུད་ཕན་ཚུན་མཐུན་ལམ་གཅིག་གྱུར་བྱུང་བའི་མཛད་རྗེས་བཅས་ལ་རྒྱུས་ལོན་བྱུང་བར་འཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་པར་གཅིག་མཐུན་དུ་མོས། དེ་ལྟར་ཕྱི་དྲོའི་དུས་ཚོད་ལྔ་ཡི་སྟེང་ཐེངས་འདིའི་ཚོགས་འདུ་བདེ་ལེགས་ངང་མཇུག་རྫོགས་སོ།།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།