མཐོ་རིམ་སློབ་སྡུད་ཁྲོད་ཆེད་དོན་འཆར་གཞི་གསུམ་ལག་བསྟར་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-06-28 10:19:00 ཀློག་གྲངས།:
     མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། ད་ལོ་སྤྱིར་བཏང་མཐོ་རིམ་སློབ་གྲྭ་རུ་སློབ་སྡུད་འཆར་གཞི་བཀོད་སྒྲིག་བྱས་ཤིང་། དབུལ་སྐྱོར་དང་བོད་ཁུལ། སྐྱེ་ཁམས་གསུམ་གྱི་ཆེད་དོན་འཆར་གཞི་ལག་བསྟར་བྱེད་འགོ་བརྩམས་ཡོད་ལ། སློབ་མ་མི་གྲངས950ཆེད་དུ་བཀོད་སྒྲིག་བྱས་ཤིང་། སོ་སོ་རང་ཞིང་གི་དབུལ་ཕོངས་ས་ཁུལ་དང་བོད་ཀྱི་ཁུལ་དྲུག གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་བཅས་ཀྱི་སློབ་མ་དག་སློབ་བསྡུ་བྱེད་རྒྱུ་ཡིན་ལ། སྔར་ལས་ལྷག་པའི་སྒོ་ནས་སློབ་གསོའི་དམངས་ཚིས་ཁེ་ཕན་ཡང་གནང་སྤྲོད་བྱ་རྒྱུ་ཡིན་པ་རེད། འདི་ནི་རང་ཞིང་གི་མཐོ་རིམ་སློབ་གྲྭའི་སློབ་སྡུད་བྱ་བའི་མི་དམངས་སྲོག་ཤིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་དོན་འཁྱོལ་བྱས་པ་ཡིན་ལ། དེས་སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཞབས་ཞུའི་ཆེད་ལ་བྱེད་ཐབས་གལ་ཆེན་གྱི་ནུས་པ་ཐོན་ཡོད་པ་རེད།
      དབུལ་སྐྱོར་ཆེད་དོན་འཆར་གཞི་དེས་དབུལ་ཕོངས་ས་ཁུལ་གྱི་བརྒྱུད་སྤྲོད་མཚམས་བཞག་ཡོད་ལ། རྒྱལ་ཁབ་དང་ས་ཁུལ།མཐོ་སློབ་སོགས་ཀྱིས་དབུལ་ཕོངས་ས་ཁུལ་དུ་སློབ་སྡུད་བྱེད་པའི་ཆེད་དོན་འཆར་གཞི་ལས་གཞན། ད་རུང་རང་ཞིང་གི་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་ཆེད་དོན་འཆར་གཞི་ཡང་ལག་བསྟར་བྱས་ཡོད། དེ་ཡང་འཕྲུལ་ཆས་ཀྱི་རིགས་དང་བཟོ་ཚོང་དོ་དམ་ཀྱི་རིགས་སོགས་ལས་ཞུགས་གནས་བབ་ཅུང་ལེགས་པོའི་ཆེད་དོན་ཁྲོད་སློབ་མ200སློབ་སྡུད་བྱེད་པའི་འཆར་གཞི་ཡོད། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ས་ཁུལ་གྱི་རྒྱུགས་ཞུགས་སློབ་མ་དག་ལ་ཆེད་དོན་སློབ་བསྡུ་ལག་བསྟར་བྱེད་པར་ཁ་ཕྱོགས་ནས་འགོ་ཁུངས་ཀྱི་ཁྱབ་ཁོངས་དེ་ཟི་ལིང་གི་ས་ཁུལ་བཞི་དང་མཚོ་སྔོན་གྱི་སྣུམ་མཛོད་ལས་གཞན་སྔར་ལས་ལྷག་པའི་སྒོ་ནས་དབུལ་ཕོངས་ས་ཁུལ་གྱི་རྒྱུགས་ཞུགས་སློབ་མས་སློབ་ཆེན་ལ་རྒྱུགས་འཕྲོད་པའི་སྡུར་ཚད་ལྟར་སློབ་མ་དག་གི་སློབ་གསོའི་གསབ་སྦྱོང་དང་ལས་ཞུགས་ལེགས་པོ་སོགས་གཞི་རྩའི་ཆ་ནས་ཁྱིམ་ཚང་ཧྲིལ་བོ་དབུལ་ཕོངས་ལས་ཐར་བར་བྱ་རྒྱུ་ཡིན་པ་རེད།
      བོད་ཁུལ་ཆེད་དོན་འཆར་གཞིའི་གསབ་སྦྱོང་གིས་ས་ཁུལ་དུ་ཤེས་ལྡན་པ་དཀོན་པ་དམ་འཛིན་བྱེད་པ། ཁུལ་དྲུག་གི་བོད་ཁུལ་གྱི་རྒྱ་བོད་སྐད་གཉིས་ཀྱི་སློབ་གསོ་དང་གསོ་རིག་སོགས་གཞི་རིམ་ས་ཁུལ་དུ་ཤེས་ལྡན་པ་དཀོན་པའི་དོན་དངོས་གཞིར་བཟུང་ནས། གྲ་སྒྲིག་སློབ་གསོ་དང་ནད་ཐོག་གསོ་རིག བོད་ལུགས་གསོ་རིགནད་གཡོག་རིག་པ་སོགས་ཀྱི་ཆེད་ལས་ཁྲོད་སློབ་མ460སློབ་སྡུད་བྱ་རྒྱུའི་འཆར་གཞི་ཡོད་ལ། དེ་ནི་ཁུལ་དྲུག་གི་བོད་ཁུལ་ལ་ཁ་ཕྱོགས་ནས་སློབ་སྡུད་བྱ་རྒྱུ་ཡིན་པ་རེད། དེའི་ཁྲོད་གཞུང་དངུལ་དགེ་ཐོན་སློབ་མ360ནི་དངོས་ཡོད་ས་གནས་དེར་ཁ་ཕྱོགས་ནས་སློབ་སྡུད་དང་རིན་མེད་སློབ་གྲྭར་ཞུགས་པ།ལས་ཞུགས་ལ་ཁ་གཏད་པ། ཁུལ་དྲུག་གི་རོང་འབྲོག་ས་ཁུལ་གྱི་ཆུང་འབྲིང་སློབ་མ་གསོ་སྐྱོང་བྱེད་པའི་རིན་ཚན་དགེ་རྒན་རྐང་འཛིན་པ་སྐྱེད་བསྲིངས་ཀྱིས་བསླབ་ཚན་དགེ་རྒན་དང་སློབ་ཆུང་ཚན་ཁག་གི་དགེ་རྒན། རོང་འབྲོག་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་སློབ་ཚན་སྒྲིག་གཞིའི་འགལ་ཟླ་ལ་ལེགས་བཅོས་བྱེད་པ། རོང་འབྲོག་ས་ཁུལ་གྱི་རྨང་གཞིའི་སློབ་གསོ་ཆ་སྙོམས་ཀྱིས་འཕེལ་རྒྱས་སུ་འགྲོ་བའི་བྱེད་ཐབས་ནུས་ལྡན་ལ་སྐུལ་འདེད་བྱེད་པ། མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་གསོ་རིག་ཤེས་ལྡན་མི་སྣ་སློབ་སྡུད་འཆར་གཞི་ནི་མི་གྲངས100ཡིན་ལ། དེས་ཁུལ་དྲུག་གི་གཞི་རིམ་ས་ཁུལ་གྱི་ནད་ཐོག་སྨན་བཅོས་དང་ནད་གཡོག གསོ་རིག་ལག་རྩལ་སོགས་ཐད་ཀྱི་ཆད་ལྷག་བྱུང་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཆེད་ཡིན་པས། བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་རོང་འབྲོག་ས་ཁུལ་གྱི་གཞི་རིམ་སྨན་བཅོས་རུ་ཁག་དང་འགན་སྲུང་ཆ་རྐྱེན་ཐད་ལ་འཛུགས་བསྐྲུན་ཐོབ་པར་བྱས་ཡོད།
      སྐྱེ་ཁམས་ཆེད་དོན་འཆར་གཞི་ནི་རི་མཐོ་ཆུ་གཙང་ལ་རོགས་འདེགས་བྱེད་པ་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་དེ་རྒྱལ་ཁབ་དང་རང་ཞིང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས་ཆ་ནས། འབྲེལ་ཡོད་ཆེད་ལས་ཤེས་ལྡན་མི་སྣ་དག་གིས་ཀྱང་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་དང་སྤྱི་ཚོགས་སྟེང་གི་དཔལ་འབྱོར་དང་འབྲེལ་བའི་རྩ་འཛུགས་ཀྱི་དགོས་མཁོ་གཞིར་བཟུང་ཡོད། ཤེས་ལྡན་མི་སྣའི་རང་བདག་སྐྱེད་བསྲིངས་དང་ས་གནས་ཅན་གྱི་བེད་སྤྱོད་ལ་ཟུང་འབྲེལ་བྱེད་པར་སྐུལ་འདེད་བྱེད་ཆེད། སྐྱེ་ཁམས་རིག་པ་དང་ཐོན་ཁུངས་རྩད་གཅོད། ཆུ་བེད་ཀྱི་སྐོར། རྩྭ་ལས་ཚན་རིགས་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཆེད་ལས་ཁྲོད་མི་གྲངས290ལས་བསྡུ་བྱེད་རྒྱུའི་འཆར་གཞི་ཡོད། དེ་ནི་གཙོ་བོ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་སྟེ། དེའི་ཁོངས་སུ་ཡུལ་ཤུལ་གྲོང་ཁྱེར་དང་རྫ་སྟོད་རྫོང་། ཁྲི་འདུ་རྫོང་། འབྲི་སྟོད་རྫོང་། ནང་ཆེན་རྫོང་། ཆུ་དམར་ལེབ་རྫོང་། རྨ་སྟོད་རྫོང་། རྨ་ཆེན་རྫོང་། དགའ་བདེ་རྫོང་། གཅིག་སྒྲིག་རྫོང་། པད་མ་རྫོང་། དར་ལག་རྫོང་། ཞིན་ཧེ་རྫོང་། ཐུན་ཏེ་རྫོང་། རྩེ་ཁོག་རྫོང་། སོག་རྫོང་། ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་བརྡལ་བཅས་ལ་ཁ་ཕྱོགས་ནས་སློབ་སྡུད་བྱ་རྒྱུ་ཡིན་པ། མཛེས་སྡུག་ལྡན་པའི་མཚོ་སྔོན་དང་མཛེས་སྡུག་གི་ཞིང་སྡེ་འཛུགས་བསྐྲུན་ཆེད་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་བཅོས་སྒྱུར་དངོས་འགྱུར་སྒོས་ལག་རྩལ་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་བྱེད་རྒྱུ་འདོན་སྤྲོད་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།