སྤྱི་ཕན་ལས་སྒོ་གསར་སྤེལ་གྱིས་ས་གནས་ཀྱི་རིག་གནས་སྒྱུ་རྩལ་ལ་ཞབས་ཞུ་བསྒྲུབ།
ཐེམ་ཆེན་རྫོང་རེ་བའི་ཞབས་བྲོ་སྒྱུ་རྩལ་གསོ་སྦྱོང་ལྟེ་གནས།
ཞབས་བྲོའི་དགེ་རྒན་ཆོས་མཚོ་སྐྱིད་ཀྱིས་ཞབས་བྲོ་འཁྲིད་བཞིན་པའི་ཚུལ།
ཞབས་བྲོའི་དགེ་རྒན་ཆོས་མཚོ་སྐྱིད་ཀྱིས་ཞབས་བྲོ་འཁྲིད་བཞིན་པའི་ཚུལ།
ན་གཞོན་མང་པོ་ཞིག་ལས་བསྐྲུན་གྱི་ལམ་དུ་ཞུགས་རྒྱུ་ནི་དེང་གི་སྲིད་ཇུས་ཀྱི་ཁ་ཕྱོགས་གཙོ་བོ་ཞིག་ཡིན་ལ། ན་གཞོན་མང་པོ་ཞིག་ལ་མཚོན་ན། རང་སྟོབས་རང་སྤེལ་བྱས་ཏེ་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་རང་ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བྱུང་བའི་གྲུབ་འབྲས་ཀྱིས་ཕ་ཡུལ་དང་། མི་དམངས། རྒྱལ་ཁབ་ལ་དྲིན་ལན་གཟོ་རྒྱུ་ནི་ཁོ་ཚོའི་རེ་བ་ཉག་ཅིག་ཀྱང་ཡིན།
ཐེམ་ཆེན་རྫོང་རེ་བའི་ཞབས་བྲོ་སྒྱུ་རྩལ་གསོ་སྦྱོང་ལྟེ་གནས་ནི་གོང་རིམ་འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་ཐོབ་པ་བརྒྱུད་ཞབས་བྲོའི་སྒྱུ་རྩལ་ལ་མྱོང་བ་ཟབ་པའི་ཞབས་བྲོ་བ་ཆོས་མཚོ་སྐྱིད་ཀྱིས་བསྒྲུབས་པ་ཞིག་ཡིན། 2018ལོའི་སྤྱི་ཟླ3པའི་ནང་སློབ་མགོ་བརྩམས་ཤིང་། ཐེམ་ཆེན་རྫོང་ནས་ཐེངས་དང་པོར་ཕྱེས་པའི་ཆེད་ལས་རང་བཞིན་ཅན་གྱི་ཞབས་བྲོའི་གསོ་སྦྱོང་ལྟེ་གནས་ཐོག་མ་ཡིན། གསོ་སྦྱོང་ལྟེ་གནས་འདི་ཡིས་ལས་གཉེར་ལག་རྟགས་ཆ་ཚང་བའི་སྒོ་ནས་རྒྱལ་ ཁབ་ཀྱི་ཚད་ལྡན་སློབ་ཁྲིད་ཀྱི་དཔེ་དེབ་དག་ཁྲིད་གཞིར་བཟུང་ཡོད་པས། ན་ཆུང་བྱིས་པ་མང་པོ་ཞིག་ལ་རང་ ཉིད་ཀྱི་དགའ་ཕྱོགས་སྐྱེད་སྲིང་བྱེད་སའི་གར་སྟེགས་ལེགས་པོ་ཞིག་བསྐྲུན་ཡོད།
དེ་ཡང་རྒྱུས་ལོན་པ་ལྟར་ན། ཐེམ་ཆེན་རྫོང་རེ་བའི་ཞབས་བྲོ་སྒྱུ་རྩལ་གསོ་སྦྱོང་ལྟེ་གནས་འདི་བཙུགས་པ་ནས། ས་གནས་ཀྱི་བྱིས་པ་མང་པོ་ཞིག་གིས་གཟའ་འཇུག་གི་དུས་ཚོད་བེད་སྤྱད་ནས་གནས་འདིར་ཡོང་ནས་ཞབས་བྲོའི་སྒྱུ་རྩལ་སློབ་གཉེར་ བྱེད་ཀྱིན་ཡོད་ལ། བྱིས་པ་དག་ལ་མཚོན་ན་ཡང་། སློབ་གྲྭའི་སློབ་སྦྱོང་གི་དུས་ཚོད་ལས་ཁོ་ཚོ་ལ་རང་ཉིད་ཀྱི་འཇོན་ཐང་སྐྱེད་སྲིང་བྱེད་སའི་སྟེགས་བུ་ཞིག་བསྐྲུན་ཡོད་པར་མ་ཟད། ཆེད་ལས་དགེ་རྒན་གྱིས་གཟབ་ནན་གྱི་སྒོ་ནས་སློབ་ཁྲིད་བྱས་པ་བརྒྱུད། སློབ་མ་དག་གི་ཞབས་བྲོའི་རྨང་གཞིའི་ཤེས་བྱ་དང་། ཞབས་བྲོའི་སྒྱུ་རྩལ་འཁྲབ་སྟོན་སོགས་ཕྱོགས་གང་ཐད་ནས་ཇེ་ལེགས་ཇེ་རྒྱས་སུ་འགྲོ་བཞིན་ཡོད་པས། འདི་ལ་ས་གནས་ཀྱི་ཁྱིམ་བདག་དང་མང་ཚོགས་དག་གིས་དགའ་བསུ་ཆེས་ཆེར་ཐོབ་ཀྱིན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com