གུང་ཧོ་རྫོང་སྤྲེལ་ནག་གྲོང་བརྡལ་མི་རིགས་བཅའ་སྡོད་སློབ་ཆུང་གིས་དཔེ་ཀློག་དུས་ཆེན་བསུས།
གུང་ཧོ་རྫོང་སྤྲེལ་ནག་གྲོང་བརྡལ་མི་རིགས་བཅའ་སྡོད་སློབ་ཆུང་གིས་དཔེ་ཀློག་དུས་ཆེན་བསུས།
དགེ་རྒན་དག་གིས་དཔེ་ཀློག་མྱོང་ཚོར་གླེང་གིན་པ།
དགེ་རྒན་དག་གིས་དཔེ་ཀློག་མྱོང་ཚོར་གླེང་གིན་པ།
འཛམ་གླིང་དཔེ་ཀློག་ཉིན་མོར་ཐོན་པ་དང་བསྟུན་ནས། ཉེ་ལམ། གུང་ཧོ་རྫོང་སྤྲེལ་ནག་གྲོང་བརྡལ་མི་རིགས་བཅའ་སྡོད་སློབ་ཆུང་གིས་དཔེ་ཀློག་དུས་ཆེན་བསུ་བའི་བྱ་འགུལ་སྤེལ། སློབ་གྲྭ་འདིས2017ལོའི་དཔེ་ཀློག་ཉིན་མོ་ནས་བཟུང་ཟླ་རེ་བཞིན་དགེ་རྒན་དག་གིས་དཔེ་ཀློག་བགྲོ་གླེང་གི་བྱ་འགུལ་སྤེལ་ཞིང་། ད་ལོའི་དཔེ་ཀློག་ཉིན་མོ་དང་བསྟུན་ནས་དཔེ་ཀློག་གླེང་སྟེགས་དབུ་ཚུགས་ནས་ལོ་འཁོར་གཅིག་ལོན་པའི་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་། སློབ་གྲྭའི་དགེ་བཟོ་བ་ཡོངས་བགྲོ་གླེང་ཚོགས་འདུ་ལ་ཞུགས།
ཐོག་མར་སློབ་གཙོ་ལྕགས་བྱམས་རྒྱལ་གྱིས་དཔེ་ཀློག་གི་དགེ་མཚན་དང་སྦྲགས་ནས་དགེ་རྒན་དག་གིས་ལོ་འཁོར་གཅིག་རིང་ལ་དཔེ་ཀློག་རྒྱུན་འཁྱོངས་བྱས་པའི་བྱ་བར་གདེང་འཇོག་བྱས་པ་དང་། དེ་ནས་སློབ་གྲྭའི་དགེ་རྒན་དག་གིས་ཧ་ཅང་ཞིབ་ཚེགས་ཀྱི་སྒོ་ནས་རང་རང་གི་དཔེ་ཀློག་གི་མྱོང་ཚོར་གླེང་ཞིང་། མཐའ་མར་ཐེངས་འདིར་གདན་ཞུ་བྱས་པའི་བོད་ཀྱི་ན་གཞོན་སྙན་ངག་པ་བོང་སྟག་རི་ལུ་ཡིས་རང་གི་སློབ་གསོའི་གོ་རིམ་དང་བརྒྱུད་ནས་དཔེ་ཀློག་ཕྱོགས་ཀྱི་བསམ་ཚུལ་བརྗེ་རེས་བྱས།
ལོ་ངོ་འདི་འགའི་རིང་ལ། སྤྲེལ་ནག་གྲོང་བརྡལ་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་གསེང་གི་དུས་ཚོད་བེད་སྤྱད་ནས་དགེ་རྒན་དག་ལ་སློབ་གསོའི་ཕྱོགས་ཀྱི་བྱ་འགུལ་དང་། སློབ་གྲྭ་ཕན་ཚུན་བར་ཉམས་མྱོང་བརྗེ་རེས། སློབ་གྲྭའི་ཕྱི་ནང་གི་འཕེལ་རྒྱས་ཐད་ནས་ནུས་པ་གང་ལེགས་བཏོན་པས། སློབ་གྲྭ་འདི་ཉིད་ཀྱི་ཕྱིའི་འཛུགས་སྐྲུན་དང་སློབ་གསོའི་སྤུས་ཚད་ཀྱི་ཐད་ནས་ཇེ་ལེགས་ཇེ་རྒྱས་སུ་འགྲོ་བཞིན་པའི་སྒང་ངོ་།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com