མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས"སློབ་རའི་བྲིས་པ་ཆུང་ཆུང"ཞེས་བོད་ཡིག་ཡིག་གཟུགས་འགྲན་བས

རྩོམ་པ་པོ།:ཟླ་བ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-04-25 09:44:00 ཀློག་གྲངས།:


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས"སློབ་རའི་བྲིས་པ་ཆུང་ཆུང"ཞེས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་སྤེལ།

     སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་། སློབ་མའི་བསླབ་ཕྱིའི་བྱ་འགུལ་སྣ་མང་ཅན་དུ་བསྒྱུར་བ།ལྷག་པར་དུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་གོ་སྐབས་དང་བསྟུན་ནས་ཡིག་གཟུགས་ལ་དགའ་བའི་བསམ་བློ་སྐྱེད་སྲིང་དང་བོད་ཀྱི་ཡིག་གཟུགས་ལ་སྤྲོ་བ་ཡོད་པའི་སློབ་བུ་དག་ལ་རང་རང་གི་འཇོན་ནུས་ངོམས་སའི་སྟེགས་བུ་ཞིག་བསྐྲུན་ཆེད་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་སྤྱི་ཟླ4བའི་ཚེས20ཉིན"སློབ་རའི་བྲིས་པ་ཆུང་ཆུང"ཞེས་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་གྱི་བྱ་འགུལ་སྤེལ།


སློབ་མས་སེམས་ཞིབ་མོས་ཡིག་གཟུགས་འབྲི་བཞིན་པའི་ཚུལ།


སློབ་མས་སེམས་ཞིབ་མོས་ཡིག་གཟུགས་འབྲི་བཞིན་པའི་ཚུལ།

     ཐེངས་འདིའི་བྱ་འགུལ་ལ་སློབ་གྲོགས108ཞུགས་ཤིང་། སློབ་གྲོགས་ཚོའི་སྨྱུག་རྩེ་ལས་འཁྲུངས་པའི་ཚུགས་རིང་དང་འབྲུ་ཚ་སོགས་ཀྱི་རྣམ་པའི་ཡིག་གཟུགས་བརྩམས་ཆོས་དག་དཔྱད་འདེམ་དགེ་རྒན་རྣམ་པས་འདྲ་མཉམ་དང་དྲང་བདེན་གྱིས་དཔྱད་འདེམས་བྱས་པ་བརྒྱུད་ནས་སློབ་གྲོགས་པདྨ་རྡོ་རྗེ་ལ་སློབ་རའི་བྲིས་པ་ཆུང་ཆུང་ཞེས་པའི་མཚན་སྙན་ཐོབ་པ་དང་།གཡང་དཀར་རྒྱལ་སོགས་སློབ་གྲོགས34ལ་རིམ་པ་མི་འདྲ་བའི་བྱ་དགའི་གཟེངས་རྟགས་ཐོབ།


སློབ་མས་སེམས་ཞིབ་མོས་ཡིག་གཟུགས་འབྲི་བཞིན་པའི་ཚུལ།


སློབ་མས་སེམས་ཞིབ་མོས་ཡིག་གཟུགས་འབྲི་བཞིན་པའི་ཚུལ།

     དེང་གི་ཆར་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གང་དུའང་བྲིས་ཀྱི་སྣང་ཚུལ་དེ་ཅུང་ཡིད་སྐྱོ་བའི་གནས་སུ་སྣང་ལ། ཡིག་གཟུགས་འབྲི་བ་ལ་དོ་སྣང་ཆེན་པོ་མེད་ཁར་ཡིག་གཟུགས་སྦྱང་བ་དེ་བས་གནད་དུ་མི་འཛིན་པས་སློབ་གྲོགས་ཚོས་སྨྱུག་འགྲོས་འཐེན་སྟངས་སོགས་ཡ་མ་འཁྱོར་དུ་འགྲོ་ཞིང་རང་སྣང་གང་ཤར་དུ་བྲིས་ནས་ངན་ལོབས་སུ་སོང་རྗེས་བཅོས་དཀའ་བའི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་ལ་དམིགས་ནས། སྤྱི་ལོ2015ལོ་ནས་རང་སློབ་གྲྭའི་རྒན་ཀུན་བཟང་དོན་གྲུབ་ལགས་ཀྱིས་གསེར་ལས་དཀོན་པའི་ངལ་གསོའི་དུས་ཚོད་བློས་བཏང་ནས་ཕྱི་དྲོའི་བསླབ་ཕྱིའི་དུས་ཚོད་བེད་སྤྱད་ནས་ཆེད་དུ་ཡིག་གཟུགས་དགའ་མོས་འཛིན་གྲྭ་བསྡུས་ཤིང་བོད་ཀྱི་སྲོལ་རྒྱུན་གྱི་ཐུན་མོང་མ་ཡིན་པའི་ཁུངས་དག་ཕྱག་རྒྱུན་གྱི་མན་ངག་ན་ཆུང་སློབ་བུ་རྣམས་ཀྱི་བསམ་བློའི་རྒྱགས་ཕྱེ་རུ་བསྩལ་བས། བོད་མི་རིགས་ཀྱི་རྩམ་དྲི་དང་མར་དྲི་མ་ཡལ་བའི་སྲོལ་རྒྱུན་རིག་གནས་མ་ཉམས་གོང་དུ་སྤེལ་བར་ནུས་པ་བླ་ལྷག་ཐོན་ཡོད་པ་མ་ཟད། སློབ་རའི་རིག་གནས་འཛུགས་སྐྲུན་ལ་མཛེས་སྡུག་གསར་བ་ཞིག་གི་ཁ་དོག་བསྣན་ཡོད།


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས"སློབ་རའི་བྲིས་པ་ཆུང་ཆུང"ཞེས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་སྤེལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།