མཚོ་ལྷོ་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གིས་སྐོར་སྐྱོད་འགྲེམ་སྟོན་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-04-11 09:35:00 ཀློག་གྲངས།:


མཚོ་ལྷོ་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གིས་སྐོར་སྐྱོད་འགྲེམ་སྟོན་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ།

     སྤྱི་ཟླ4བའི་ཚེས10ཉིན། མཚོ་ལྷོ་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གིས་སྐོར་སྐྱོད་འགྲེམ་སྟོན་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ་ཏེ། 《ལོ་རྒྱུས་རིག་གནས། མཚོ་ལྷོའི་སྲོལ་རྣམ》ཞེས་པའི་རིག་དངོས་པར་རིས་འགྲེམ་སྟོན་དེ་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོར་སྤེལ།

     ཐེངས་འདིའི་འགྲེམ་སྟོན་ནི་མཚོ་ལྷོ་ས་ཁུལ་གྱི་གནའ་རབས་སྐྱེ་དངོས་ཞུ་རྡོ་དང་། གཙོ་གནད་རིག་དངོས་ཤུལ་བཞག  ཉར་མཛོད་ཁྱད་ལྡན་རིག་དངོས། དམངས་སྲོལ་རིག་གནས་སོགས་ཁག་འགའ་ནས་མཚམས་སྦྱོར་གནང་ཞིང་། ཐེངས་འདིའི་འགྲེམ་སྟོན་ལ་འགྲེམ་པང30དང་། ཤེས་བྱའི་དྲི་བ་དྲིས་ལན། ཟིན་བྲིས་སོགས་སློབ་མའི་མཁོ་ཆས120གནང་སྦྱིན་དང་། ཤེས་བྱའི་འཆད་ཁྲིད་བཅས་ཕྱོགས་འགའ་ནས་གསལ་འགྲེལ་དང་འགྲེམ་སྟོན་བྱས་པར་བརྒྱུད། སློབ་གྲྭའི་དགེ་སློབ་དག་གི་དགའ་བསུ་ལེགས་པོ་ཐོབ་པ་དང་།  སློབ་མ་རྣམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འགྲེམ་སྟོན་གྱི་ནང་དོན་རྒྱུས་ལོན་དང་མཚོ་ལྷོའི་ཡུན་རིང་བའི་རིག་དངོས་ལོ་རྒྱུས་ལ་རྒྱུས་ལོན་ལེགས་པོ་བྱུང་དུ་བཅུག

     ཐེངས་འདིའི་འགྲེམ་སྟོན་གྱིས་མཚོ་ལྷོའི་ཡུན་རིང་བའི་ལོ་རྒྱུས་རིག་གནས་དང་མི་རིགས་སོ་སོའི་དབར་གྱི་འབྲེལ་འདྲིས་ཟབ་མོ་དྲིལ་སྒྲོག་བྱས་ཤིང་། དུས་ཡུན་ཉིན་གཅིག་གི་འགྲེམ་སྟོན་ཁྲོད་བསྡོམས་པས་དགེ་སློབ2300ཞུགས་ཏེ་གཟིགས་མོ་གནང་ལ། ད་དུང་དྲིལ་སྒྲོག་ལག་དེབ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་དངོས་སྲུང་སྐྱོབ་ཁྲིམས་ལུགས་ལག་བསྟར་སྲོལ་ཡིག》སོགས་དྲིལ་སྒྲོག་ཡིག་ཆ1500ལྷག་བཀྲམ་པ་དང་། འཕྲེད་བྱང6ལྷག་འཐེན།
     ཐེངས་འདིའི་འགྲེམ་སྟོན་ལ་སློབ་གྲྭས་མཐུན་སྦྱོར་ལེགས་པོ་གནང་ཞིང་། སློབ་མའི་མཐོང་རྒྱ་བསྐྱེད་པ་མ་ཟད། རིག་དངོས་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་རྟོགས་སུ་བཅུག

     རྗེས་ཕྱོགས། མཚོ་ལྷོ་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གི་སྐོར་སྐྱོད་འགྲེམ་སྟོན་བྱ་འགུལ་མུ་མཐུད་དུ་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་སྐྱོད་རྒྱུ་དང་། དགེ་སློབ་རྣམས་ལ་ཕ་ཡུལ་གྱི་ལོ་རྒྱུས་རིག་གནས་རྒྱུས་ལོན་བྱེད་པའི་དུས་མཚུངས་སུ། རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་གྲལ་དུ་ཞུགས་པ་དང་། མཚོ་ལྷོ་ས་ཁུལ་གྱི་ཕུལ་བྱུང་ལོ་རྒྱུས་རིག་གནས་ཀྱི་རྒྱུན་འཛིན་པ་དང་སྲུང་སྐྱོབ་པར་འགྱུར་བར་སྐུལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།