བོད་ལྗོངས་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་དེབ་ཐེར་གྱི་དཔེ་སྐྲུན་རིག་དཔྱད་ཚོགས་འདུ་པེ་ཅིང་དུ་འཚོགས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་འཕྲིན་དྲ། དུས་ཚོད།:2018-04-02 10:02:00 ཀློག་གྲངས།:
     ཉེ་ཆར། བོད་ལྗོངས་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་དེབ་ཐེར་གྱི་དཔེ་སྐྲུན་རིག་དཔྱད་ཚོགས་འདུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས་པ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སོགས་ཞིབ་འཇུག་ལས་ཁུངས་དང་བོད་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་དེབ་ཐེར་གྱི་ཞིབ་འཇུག་རྩོམ་སྒྲིག་ལས་ཀའི་ནང་ཞུགས་མཁན་རིགས་གཅིག་མཁས་པ་དང་མཁས་དབང70ལྷག་ཙམ་རིག་དཔྱད་ཚོགས་འདུར་ཕེབས་ཡོད།
     བོད་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་དེབ་ཐེར་དེ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་སྣེ་ཁྲིད་དེ་འགན་འཁུར་བའི་རྒྱལ་ཁབ་ཀྱི་གཙོ་གནད་ཚན་རིག་ཞིབ་འཇུག་བྱ་གཞི་ཞིག་ཡིན་པ་དང་། དེབ་ཐེར་དེ་ནི་རྒྱལ་ནང་ནས་འཐུས་སྒོ་ཚང་ཤོས་དང་ཕྱོགས་ཡོངས་ལ་ཁྱབ་པ། བརྒྱུད་རིམ་ལྡན་པ་བཅས་བོད་ཀྱི་ས་གནས་ལོ་རྒྱུས་ངོ་སྤྲོད་བྱེད་པའི་དུས་རབས་རིམ་བྱུང་གི་ལོ་རྒྱུས་དེབ་ཐེར་ཞིག་ཡིན་པ་དང་། དེའི་ཐོག་ནས་ཀྲུང་གོའི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་གཅིག་བསྡུས་ཐོག་མངོན་གྱི་ཡོད་པས་རིག་གཞུང་གི་རིན་ཐང་དང་སྤྱི་ཚོགས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།